༄༅། ། དཔལ་འཇིག་རྟེན་དབང་ཕྱུག་རླུང་གི་འཁོར་ལོ་འཛིན་པ་ལ་ཕྱག་འཚལ་ལོ། ། སྔགས་པས་ཤིན་ཏུ་ཉམས་དགའ་བའི། ། གནས་སུ་རབ་ཏུ་མཐོ་བའི་ཚལ། ། བསིལ་ཁང་རླུང་རྒྱུན་རྟག་འབབ་པར། ། གསང་སྔགས་འཁོར་ལོ་བསྐོར་བར་བྱ། ། ཧྲཱིཿཨོཾ་ཨཱཿཧྲཱིཿཧཱུཾ། པླཀྵ་འམ་བྱང་ཆུབ་ཤིང་ལོ་འམ། ། དེ་བཞིན་རྟག་ཏུ་རླུང་གིས་བསྐྱོད། ། ཁ་དོག་དྲི་བཟང་ཚལ་པའང་རུང་། ། བསྲུང་བ་བྱས་ནས་འཁོར་ལོ་བཅའ། ། ཅི་ཙམ་གཡོ་བར་སླ་བ་ཡི། ། བཟོ་བཅོས་ལྟེ་བ་པདྨོས་མཚན། ། བརྒྱ་ཕྱེད་ལ་ནི་རྡོ་རྗེ་ཡི། ། རལ་གྲི་མི་བཟད་གཟུགས་བྱའོ། ། ཕོ་བྲང་གནས་སུ་ས་བོན་ལས། ། མགོན་པོ་རླུང་གི་འཁོར་ལོ་ཅན། ། རྩིབས་རྣམས་ལ་ནི་ཤེས་རབ་ཐབས། ། ཡོངས་གྱུར་སྔགས་གྲུབ་ལྷ་མོ་བསམ། ། དངོས་དང་བྱིན་རླབས་གཞུག་པ་ཡིས། ། གཟི་བྱིན་བསྐྱེད་ལ་མཆོད་པས་མཆོད། ། རང་ཉིད་འཁོར་ལོ་འཛིན་བསྒོམས་ནས། ། འོད་བཀྱེ་སྔགས་བཟླས་འཁོར་ལོ་བསྐོར། ། ཐུན་གསུམ་ཐོག་མར་བརྒྱ་རྩ་བརྒྱད། ། གསང་སྔགས་མྱུར་དུ་གྲུབ་འདོད་པས། ། གསོལ་བཏབ་རླུང་ལ་བཀའ་བསྒོ་སྟེ། ། རང་ཉིད་ཅི་བདེ་སྤྱད་པར་བྱ། ། གང་དུ་འཁོར་ལོ་རབ་འཁྱིལ་བ། ། ཐུགས་རྗེ་ཆེ་མཆོག་རིག་པའི་མཐུས། ། སྒྲུབ་པོའི་ངལ་བ་འཇིག་བྱེད་པ། ། དེར་ནི་སྡིག་ལྡན་མི་བརྟེན་ནོ། ། དེ་ལྟར་འཁོར་ལོ་ཆེན་པོ་རང་ཉིད་འཕགས་པ་སྤྱན་རས་གཟིགས་ཀྱི་མཐུས་རིགས་ལྔ་བཅུ་རྩ་ལྔ་ཟློས་པར་མཛད་པ་ནི་དམ་ཚིག་ཅན་རྣམས་ཀྱིས་ཐབས་ཡིན་པར་བལྟ་བར་བྱའོ། ། མེ་ཏོག་ལ་སོགས་པའི་མཆོད་པ་ཇི་སྙེད་པ་ལ་གང་ཟག་མེད་པའི་ཞེས་ལེ་ལོ་དང་བརྙས་པ་མི་བྱའོ། ། ཁ་ན་མ་ཐོ་བ་ཕྲ་རབ་དང་།
Homage to the glorious Lokeśvara, the Holder of the Wind-Wheel. In a place that is exceedingly delightful, in a grove of very lofty trees, where a cool pavilion is constantly fanned by the breeze, the practitioner of mantra should turn the wheel of secret mantra. Hrīḥ oṃ āḥ hrīḥ hūṃ. Whether with leaves of the Plakṣa tree or the Bodhi tree, or likewise with those constantly moved by the wind, or even with pieces of fragrant color, having performed the protection, one should construct the wheel. It should be fashioned so that it is easy to move; the hub should be marked with a lotus, and upon the fifty [spokes] one should fashion the fierce forms of vajras and swords. In the center of the palace, from the seed-syllable, one should visualize the Protector who possesses the wind-wheel. Upon the spokes, one should contemplate the goddesses who are the accomplishment of mantra, the transformation of wisdom and method. Through the actual presence and the entry of blessings, generate majesty and worship with offerings. Having meditated on oneself as the Holder of the Wheel, emit light and recite the mantra while turning the wheel. At the beginning of the three sessions, recite one hundred and eight times. Those who desire the swift accomplishment of the secret mantra should offer prayers and command the wind, and then enjoy themselves as they please. Wherever the wheel swirls intensely, through the power of the awareness of the supreme Great Compassionate One, the fatigue of the practitioner is destroyed; therein, the sinful do not dwell. Thus, the great wheel itself, through the power of the noble Avalokiteśvara, performs the recitation of the fifty-five [syllables]; this should be viewed as the method for those possessing the samaya. One should not be lazy or contemptuous regarding any offerings, such as flowers and so forth, thinking them to be without a person. One should avoid even the slightest misdeed.