༄༅། ། དཔལ་སྤྱན་རས་གཟིགས་དབང་ཕྱུག་གསུང་དབང་གི་རྒྱལ་པོ་རྣམ་པར་རོལ་པ་ལ་ཕྱག་འཚལ་ལོ། ། གསུང་གི་དབང་ཕྱུག་ངག་གི་བདག། རྟག་ཏུ་སྤྲོ་བས་མཆོག་བསྐྱེད་མཛད། ། སོ་སོ་རང་རིག་མགྲིན་པར་གནས། ། དཔལ་ལྡན་སྤྱན་རས་གཟིགས་ཕྱག་འཚལ། ། བློ་ལྡན་རབ་དང་སྙིང་རྗེའི་ཆབ་ཀྱིས་རྟོག་པའི་མྱུ་གུ་རྣམ་བརླན་དང་། ། གང་ཞིག་སྐལ་ངན་དག་གི་དཔའ་ཉམས་སྐྱེ་བོས་རབ་བརྙས་མ་རུངས་ཉིད། ། གཞན་དག་སྔགས་རིག་མཐུ་བསྐྱེད་འདོད་དང་དེ་བཞིན་ཕ་རོལ་བྱེད་བཟློག་འདོད། ། དེ་དག་གུས་པས་ཤིན་ཏུ་ཡིད་དགའ་ངག་གི་མཐུ་བསྐྱེད་གསུང་གི་རོལ་པ་འདི་བསྒོམ་བྱ། ། རེ་ཞིག་སྔགས་པས་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་དང་དབང་བསྐུར་བ་ཡང་དག་པར་རྗེས་སུ་དྲན་པས་ལྷའི་རྣལ་འབྱོར་ཆེན་པོ་ཡུད་ཙམ་གྱིས་མངོན་དུ་བྱས་ལ། ཧྲཱིཿཡིག་ལས་ཡོངས་སུ་གྱུར་པའི་པདྨོ་སྡོང་བུ་ཅན་གྱི་འདབ་མའི་ལྕེ་དང་སྟེང་དུ་ཨ་དང་ཧཱུཾ་ལས་ཟླ་བ་དང་རྡོ་རྗེར་བསྐྱེད་པ་ནས་དེའི་མཐར་ཨཱ་ལི་དང་ཀཱ་ལི་དང་ཕྲང་བ་འབར་བ་དཀར་དམར་གཡས་དང་གཡོན་དུ་བསྐོར་བའི་བར་དུ་སྟེ། ཇི་སྐད་འཕགས་པའི་ལྕེ་བྱིན་གྱིས་བརླབས་པའི་མདོ་ལས་འབྱུང་བ་ལྟར་བསམ་པར་བྱའོ། ། དེ་ནས་ལྷག་བསམ་རྣམ་དག་པས། ། འགྲོ་བའི་ངག་གི་དྲི་བསལ་ཞིང་། ། མཐུ་བཅུ་སྤོབས་པ་བསྐྱེད་འདོད་པས། ། ཐོག་མར་ཨ་ལ་སོགས་པ་ཟླ། ། དེའི་ཕྱིར་དེ་དག་ལས་འོད་ཀྱི་ཕྲེང་བ་དཀར་པོ་དྲ་བ་དང་དྲ་བ་ཕྱེད་པ་དང་གུར་ཕུབ་པ་དང་། ། གཞའ་རིས་ཀྱི་རྣམ་པ་ལྟ་བུར་ཤར་བས་སེམས་ཅན་མ་ལུས་པའི་ངག་གི་དྲི་མ་བསལ་ཞིང་།
Homage to the glorious Avalokiteśvara, the playful manifestation of the King of Speech. Lord of Speech, master of words, who always generates supreme joy through your inspiration; you who abide in the throat as individual self-cognition—to the glorious Avalokiteśvara, I prostrate. Those with intelligence, those moistened by the waters of faith and compassion who nurture the sprouts of realization; those unfortunate ones whose courage has failed and who are despised by the wicked; others who wish to generate the power of mantra-knowledge, and likewise those who wish to repel the actions of others—all of them, with devotion and a very joyful mind, should meditate on this play of speech that generates the power of words. First, the mantra practitioner, having correctly recollected the taking of refuge, the generation of the awakening mind, and the empowerment, should instantaneously manifest the great deity yoga. From the syllable HRĪḤ, a lotus with a stalk is produced; upon its petals, from the syllables A and HŪṂ, a moon and a vajra are generated. Up to the point where the vowels and consonants form a blazing garland, circling to the right and left, white and red respectively—one should contemplate this just as it appears in the Noble Sūtra on the Blessing of the Tongue. Then, with a pure extraordinary resolve, desiring to clear away the stains of speech from wandering beings and to generate the ten powers and eloquence, one should first recite the vowels beginning with A. Thereby, from those syllables, garlands of white light, lattices, half-lattices, and canopies arise in the form of rainbows, clearing away the stains of speech of all sentient beings without exception.