༄༅། ། བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། རེ་ཞིག་སྔགས་པ་བློ་གྲོས་དམ་པ་ཕུལ་དུ་སྦྱངས་པ་དག་གིས་ཟླ་བ་རྒྱས་པའི་ཚེ་ཁ་ཤར་དུ་བལྟས་ལ་བཙུན་པ་སྤྱན་རས་གཟིགས་དབང་ཕྱུག་ཡིད་ལ་བྱེད་པ་དང་མི་འབྲལ་བས། ཐོག་མར་སྐྱབས་སུ་འགྲོ་བ་དང་སེམས་བསྐྱེད་པ་ལ་མངོན་པར་བརྩོན་པར་བྱའོ། ། དེའི་འོག་ཏུ་ཚངས་པའི་གནས་པདྨ་ལ་ལེགས་པར་གནས་པའི་ཤེས་རབ་ཤིན་ཏུ་སྦྱངས་པ་ཡིད་ལ་བྱའོ། ། མེ་ཏོག་ལ་སོགས་པའི་མཆོད་པ་དང་། འཕགས་པ་དགྱེས་པའི་ཚིགས་སུ་བཅད་པས་བསྟོད་པ་དང་། ། སྔར་བྱས་པ་ལ་འགྱོད་པས་སྡིག་པ་བཤགས་པ་ལ་སོགས་པ་ཇི་སྐད་བཤད་པ་དེ་དག་ཉིད་ཀྱང་ངོ་། ། དེ་ནས་རང་ལུས་རྒྱལ་བ་ཡི། ། ཕོ་བྲང་འཁོར་ལོ་དཀར་མཛེས་སུ། ། སྐད་ཅིག་ཙམ་གྱིས་མངོན་བལྟས་ལ། ། རྣམ་དག་གསུམ་པོ་བསྒོམ་པར་བྱ། ། དེ་ལ་མགོ་བོ་གཡས་གཡོན་ལག། གསང་བའི་རྡོ་རྗེ་གཡས་གཡོན་རྐང་། ། འདི་དག་རྩིབས་དྲུག་གསལ་བ་སྟེ། ། ལྟེ་བ་ལྟེ་བ་ཡིན་པར་བཤད། ། ཧཱུཾ་དང་ཨོཾ་དང་ཏྲཱཾ་ཧྲཱིཿཨཿ། ། ཕཊ་ཅེས་བྱ་བ་སྔོན་པོ་དང་། ། དཀར་སེར་དམར་ལྗང་དུང་མདོག་རྣམས། ། རིམ་བཞིན་མེ་ལོང་གཟུགས་ལྟར་དགོད། ། སྒྱུ་མ་སྨོན་ལམ་རྣམ་ཐར་གྱིས། ། དོན་དུ་གྲུབ་པ་མེད་པ་ཡང་། ། སྣང་བ་མི་དམིགས་རྒྱུད་དུ་འབྲེལ། ། རྟོག་པ་མཐའ་གཉིས་ལས་གྲོལ་བའོ། ། དེ་རྗེས་ལྟེ་དབུས་སེམས་ཀྱི་གཞི། ། བརྟེན་པའི་ཧྲཱིཿཡིག་དཀར་བསམས་ཏེ། ། དེ་སྟེང་བདེ་ཆེན་ཐིག་ལེ་བསྒོམ། ། སྦྱོར་བ་གསུམ་པའི་རྣལ་འབྱོར་གྱིས། ། བསྡུ་དང་དབང་དུ་བྱ་བ་དང་། ། ངེས་པར་རྟོགས་པའི་རིམ་གསུམ་གྱི། ། མཁས་པས་བདེ་ཆེན་འབར་བ་ཡི། །
Homage to the Venerable Avalokiteśvara. First, practitioners of mantra who possess sublime and highly refined intelligence should, during the waxing moon, face the east and, without ever parting from the mental engagement of the Venerable Avalokiteśvara, apply themselves diligently to taking refuge and generating the awakening mind. Following that, they should bring to mind the insight that is well-established in the lotus of the Brahma-abodes and thoroughly refined. They should also perform the offerings of flowers and so forth, offer praise with verses that delight the Noble One, and confess their misdeeds with regret for what was previously done, and so on, exactly as previously explained. Then: One’s own body is the palace of the Victor, A beautiful white wheel; Visualizing it in a mere instant, One should meditate on the three purities. In this regard, the head, the right and left hands, The secret vajra, and the right and left feet— These are the six spokes clearly visualized, And the navel is explained to be the hub. The syllables HŪṂ, OṂ, TRĀṂ, HRĪḤ, AḤ, And PHAṬ—blue, white, yellow, red, green, And the color of a conch shell— Should be arranged in sequence like reflections in a mirror. Although they are not established in reality Through illusion, aspiration, and liberation, Appearances are linked to the continuum of non-objectification; This is liberation from the two extremes of conceptualization. After that, in the center of the navel, the basis of the mind, One should visualize the white syllable HRĪḤ as the support, And above that, meditate on the bindu of great bliss. Through the yoga of the three applications, The wise should perform the three stages of Gathering, bringing under control, and certain realization, So that the great bliss blazes forth.