༄༅། ། དཔལ་ཏིང་འཛིན་གྱི་རྒྱལ་པོ་བྱིན་གྱིས་བརླབས་པའི་གཏེར་ལ་ཕྱག་འཚལ་ལོ། ། དཔལ་ལྡན་པདྨོ་འཛིན་དབང་གིས། ། སྔགས་མཐུ་མ་གྲུབ་གྲུབ་པ་དང་། ། ཉམས་ཆགས་གསོ་བའི་ཆོ་ག་ནི། ། མཁས་པས་འབད་དེ་བསྒོམ་པར་བྱ། ། ཐ་མལ་ལུས་ཀྱི་སྙིང་འདབ་དབུས། ། ཕྱོགས་ཀྱི་ཁ་དོག་ཅན་ཧཱུཾ་ཡིག། རྣལ་འབྱོར་རྒྱལ་པོ་རང་སེམས་གཞི། ། དཀར་འཁྱིལ་གཟི་བརྗིད་འོད་མཛད་བསྒོམ། ། ཁ་དང་རྣ་བ་སྣ་གཉིས་དང་། ། མིག་གཉིས་བཤང་དང་གཅི་བའི་སྒོ། ། དེ་བཞིན་རྐང་པ་ལག་གཉིས་ནི། ། གཙོ་བོ་ལས་སྤྲོས་རྡོ་རྗེ་བདག། གསང་བའི་དཀྱིལ་འཁོར་ཆོ་ག་བཞིན། ། པདྨ་ཨུཏྤལ་རྡོ་རྗེ་ཕྲ། ། ཉི་ཟླ་རྡོ་རྗེ་ཧོམ་ཁུང་ཟླུམ། ། རྒྱ་གྲམ་རྡོ་རྗེ་རྩེ་མང་ཉིད། ། ཨ་ཕྲེང་ཀ་ཕྲེང་དཀར་དམར་གྱིས། ། བསྐོར་བས་ཁྲག་འཐུང་འཇིགས་པའི་སྔགས། ། ཐུགས་རྗེ་འཕྲོས་པའི་འོད་ཟེར་ལས། ། སྐྱེས་པའི་སྦྱོར་བ་ཡི་དྭགས་བྱ། ། དམ་ཚིག་རྡོ་རྗེ་ཧཱུཾ་ཡིག་ལས། ། ཡེ་ཤེས་དཔལ་འཛིན་བཅུག་ནས་ནི། ། མཆོད་སོགས་ཆོ་ག་བཞིན་བཏུད་ནས། ། ཏིང་འཛིན་སེམས་དཔའ་རྩེ་གཅིག་བྱ། ། རྣམ་པར་རྟོག་པ་ཀུན་ཤིགས་དང་། ། ཡེ་ཤེས་ཕྱག་རྒྱ་མཆོག་སྦྱོར་ལ། ། མཉམ་གཞག་ཕྲིན་ལས་བཅུ་ལྷག་སྤྱོད། ། མཁས་པས་སོམ་ཉི་མེད་པར་སྤྱད། ། རྟག་ཏུ་སེམས་ཅན་ལ་ཕན་དང་། ། ལྷག་པའི་ལྷས་དེ་དེ་ཉིད་ཤེས། ། རྣལ་འབྱོར་ཆོ་ག་ལ་བརྩོན་པས། ། ཟླ་བ་དྲུག་ན་རྟགས་མཐོང་འགྱུར། ། ལུས་ནང་མེ་ལྕེ་འབར་བ་ལྟར་ཚ་མེ་འོད་རྣམ་པར་འཁྲུགས་པ་དང་། ། རྡོ་རྗེའི་སྤུ་སྐྱེས་ཁ་ནས་མེ་འབར་སྐྱེ་བོ་མང་པོའི་མགོ་བཏུད་བསྟོད། །
Homage to the Glorious King of Samādhi, the blessed treasure! By the power of the glorious Lotus Holder, the wise should strive to meditate upon this ritual for accomplishing mantras that have not yet been accomplished and for restoring broken commitments. In the center of the heart-lotus of the ordinary body, one should meditate on the syllable HŪṂ, possessing the colors of the directions. This is the basis of one’s own mind, the king of yogis, visualized as a swirling white light of majestic brilliance. From the mouth, the two ears, the two nostrils, the two eyes, the gates of the anus and the urethra, and likewise the two feet and hands, the Lord emanates the Vajra-Self. According to the ritual of the secret maṇḍala, there are the lotus, the utpala, the subtle vajra, the sun and moon, the circular hearth, the crossed vajra, and the many-pointed vajra. Surrounded by the white and red strings of vowels and consonants, there is the terrifying mantra of the Blood-Drinker. From the light rays radiating with compassion, one should perform the application of the hungry ghosts. Having caused the wisdom-holder Śrīdhara to enter from the samaya-vajra HŪṂ syllable, and having bowed according to the ritual of offerings and so forth, one should focus one-pointedly on the samādhi-sattva. Shattering all conceptual thoughts and joining with the supreme mudrā of wisdom, the wise should practice the ten activities of meditative equipoise without hesitation. Always benefiting sentient beings and knowing the suchness of the supreme deity, through diligence in the yoga ritual, signs will be seen within six months. The interior of the body becomes hot like a blazing tongue of fire, with light and flames swirling; vajra-hairs grow, fire blazes from the mouth, and many people bow their heads in praise.