༄༅། ། སྤྱན་རས་གཟིགས་ཏིང་ངེ་འཛིན་རབ་ཏུ་བརྟན་པ་ལ་ཕྱག་འཚལ་ལོ། ། གང་ཞིག་ཏིང་འཛིན་རི་དབང་པོ་ལྟར་གཡེང་བའི་རླུང་གིས་མི་བསྐྱོད་ཅིང་། ། ཤིན་ཏུ་འོད་གསལ་སྟོན་ཀའི་མཁའ་ལ་ཉི་འོད་དྲ་བ་བཀྲམ་འདྲ་བ། ། གཉིས་མེད་བདེ་ཆེན་རྟོགས་དཀའི་རྟོག་པས་རྟོག་ཏུ་དགེས་བཞུགས་འཛུམ་པའི་ཞལ། ། བསམ་གཏན་མཆོག་གི་ཕྱག་རྒྱས་མཉམ་གཞག་མཉམ་མེད་མགོན་པོ་ཉིད་རྟག་འདུད། ། སྒྲུབ་པོ་གང་ཞིག་སྒྲུབ་པའམ། ། ངོ་བོ་ཉིད་ཀྱིས་རྙེད་པ་ཡི། ། ཏིང་འཛིན་རབ་ཏུ་མི་བརྟན་པ། ། དེ་དག་བརྟན་པའི་ཐབས་འདིར་བཤད། ། ཤིན་ཏུ་དབེན་པའི་གནས་ཉིད་དུ། ། ལུས་དང་སེམས་ནི་རབ་དལ་བས། ། རྒྱ་ཆེན་མཆོད་སྦྱིན་བྱས་ནས་སུ། ། མན་ངག་གསུམ་གྱི་དང་པོ་བསྒོམ། ། མ་ལུས་འགྲོ་ལ་བྱམས་སོགས་ཚད་མེད་ཚངས་པའི་གནས་པས་ལེགས་གནས་ལ། ། ཇི་སྐད་བཤད་པའི་ཏིང་འཛིན་ཕྱག་རྒྱས་དཔའ་བོ་ཆེན་པོ་མཉམ་གཞག་བྱ། ། དེ་རྗེས་མཚན་བཅས་མཚན་མེད་ཆོ་གས་མགོན་པོ་ལ་གུས་གསོལ་བཏབ་ལ། ། སྦྱོར་བ་གསུམ་པའི་རྣལ་འབྱོར་རྒྱལ་པོས་རྩེ་གཅིག་བརྟན་པར་ཡང་དག་བསྒོམ། ། ཐ་མལ་རང་ལུས་དཀྱིལ་འཁོར་དབུས། ། སྙིང་དཀྱིལ་པདྨོ་དབྱེ་བའི་ནང་། ། རྡོ་རྗེ་འཛིན་པ་ལེགས་བསྒོམས་ལ། ། དེ་ཡི་ནང་ནའང་མགོན་པོ་ཉིད། ། དེ་བཞིན་དེ་ཡི་སྙིང་པོ་ནི། ། དུས་གསུམ་རྒྱལ་བས་བྱིན་བརླབས་པ། ། སྒྲུབ་པོའི་ཏིང་འཛིན་བརྟན་པའི་རྒྱུ། ། ཡེ་ཤེས་ཆེན་པོ་ཧྲཱིཿཡིག་གོ། ། དེ་ནི་གཉིས་སུ་མེད་སེམས་རྒྱུ། ། དེ་ལ་ས་བོན་ཡང་དག་བརྟན། ། སྐུ་གསུང་ཐུགས་དང་ཡེ་ཤེས་དངོས། ། འབྲུ་བཞི་ཕྱོགས་བཞིར་རྣམ་པར་བསམ། ། མགོན་པོ་ཉིད་མཐར་ཨཱ་ལི་སྟེ། །
Homage to Avalokiteśvara of Perfectly Stable Samādhi. I perpetually bow to the peerless Protector himself, who is in meditative equipoise with the mudrā of supreme dhyāna, whose smiling face delights in the realization of non-dual great bliss that is difficult to conceive, and who is like a lattice of sunlight spread across the autumn sky of utter luminosity, unmoved by the winds of distraction like the king of mountains of samādhi. For any practitioner whose samādhi is not stable—whether attained through practice or by the nature of reality—this method for stabilizing it is explained here. In a place of extreme solitude, with body and mind perfectly relaxed, and having performed extensive offerings and generosity, one should meditate on the first of the three pith instructions. Abiding well in the Brahma-abodes of immeasurable love and so forth for all beings without exception, one should perform the meditative equipoise of the Great Hero with the mudrā of samādhi as previously described. Thereafter, having respectfully supplicated the Protector through the rituals with and without signs, the king of yogas of the third application should be meditated upon with one-pointed stability. In the center of the maṇḍala of one’s ordinary body, within the opening of the lotus at the center of the heart, one should clearly visualize the Vajra-Holder; and within him, the Protector himself. Likewise, his essence—the syllable Hrīḥ, blessed by the Victors of the three times—is the cause for the practitioner’s stable samādhi, the great primordial wisdom. That is the cause of the non-dual mind; therein the seed-syllable is perfectly stable. One should visualize the four syllables, the actualities of body, speech, mind, and primordial wisdom, in the four directions. At the end of the Protector himself is the Āli.