༄༅། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། རབ་ཏུ་སྔ་བར་ལངས་ནས་ནི། ། དྲི་ཞིམ་ཆུ་ཡིས་བཀང་བ་ཡི། ། བུམ་པར་བརྩོན་མཛད་སྤྱན་རས་གཟིགས། ། བཞུ་བའི་རྒྱུན་གྱིས་ལུས་བཀྲུ་བྱ། ། དགེ་བའི་ཁང་བུ་དམ་པར་ནི། ། བརྩེ་ལྡན་སྐྱེས་བུ་ཆེ་རྣམས་ཀྱིས། ། དུལ་བའི་བློ་གྲོས་དྲན་པ་དང་། ། བག་ཡོད་དབང་པོ་རབ་བསྡམས་པས། ། ཞུགས་ལ་སྣ་ཚོགས་མཆོད་པ་ཡི། ། རྫས་རྣམས་ཆལ་པར་བཀྲམ་བྱ་ཞིང་། ། དྲི་བསུང་བདུག་པ་མཆོག་གིས་བདུགས། ཁྲོ་བོའི་རྒྱལ་པོའི་སྔགས་བཟླས་བྱ། ། ཨཱོཾཿཨ་བིགྷྣཱན་སརྦ་ཏོ་ཥ་པྲ་ཧ་ན་ཧཱུཾ་ཕཊ། དེ་ནས་ལྷ་ཡི་རྣལ་འབྱོར་གྱིས། ། ཇི་བཞིན་བསྐྱེད་དང་རྫོགས་པ་ཡི། ། ཆོ་ག་རིམ་པས་སྔོན་བཏང་ལ། ། ཕ་ཊི་ཀ་ཡི་སྦྱོར་བ་བརྩམ། ། རྡོ་རྗེ་ལྕགས་ཀྱུའི་ཕྱག་རྒྱ་དང་། ། སྨིན་མཚམས་འཕྲོ་བའི་འོད་ཟེར་གྱིས། ། བརྩོན་པའི་འཇིག་རྟེན་གསུམ་དབང་པོ། ། སྐད་ཅིག་ཙམ་གྱིས་མདུན་དུ་དྲང་། ། ཤེལ་ལྟར་དྲི་མེད་ཡངས་པ་ཡི། ། ཕོ་བྲང་རིན་ཆེན་སྒྲོན་མ་ཅན། ། རབ་ཏུ་ཉམས་དགའ་ལྷམ་མེ་བ། ། རྒྱན་རྣམས་ཀུན་གྱིས་ཕུན་ཚོགས་ལྷ། ། རླུང་གིས་བསྐྱོད་པའི་གཡེར་ཁ་རབ་སྙན་བདེ་བར་གཤེགས་པའི་གསུང་རབ་ལས། ། བསྟན་པ་གང་དག་ཤིན་ཏུ་རྣམ་ངེས་རྟག་དང་བདེ་དང་གཙང་བ་དང་། ། བདག་ཏུ་ཆགས་པའི་ལྟ་བའི་ཀུན་སེལ་མི་རྟག་སྡུག་བསྔལ་མི་གཙང་དང་། ། བདག་མེད་ཆོས་སྟོན་ནམ་མཁའི་མཐར་ཐུག་སྐྱེ་དགུའི་སྙིང་རབ་སིམ་བྱེད་བསམ། ། དགུ་བརྒྱ་དགུ་བཅུ་རྩ་དགུ་ཡི། ། གཞལ་མེད་ཁང་བརྩེགས་དམ་པ་དག། ཀུན་ཏུ་འོད་འཚེར་རྒྱལ་བ་ཡི། ། སྐུ་མཛེས་མང་པོས་རབ་བརྒྱན་པའོ། །
Homage to the Noble Avalokiteśvara. Rising very early, one should diligently bathe the body with a stream of molten [substance] from a vase filled with fragrant water, [visualizing] Avalokiteśvara. In a sublime, virtuous chamber, great compassionate beings, with disciplined intellect and mindfulness, and with senses thoroughly restrained through conscientiousness, should enter and arrange the various substances of offering in an orderly fashion. They should fumigate with supreme fragrant incense and recite the mantra of the King of Wrathful Deities: OṂ AVIGHNĀN SARVA TOṢA PRAHANA HŪṂ PHAṬ. Then, having preceded the practice with the ritual stages of the generation and completion [processes] of the deity yoga as appropriate, one should commence the application of the paṭṭika [mandala]. With the mudrā of the Vajra Hook and light rays radiating from the brow, one should instantly summon the Lord of the Three Worlds, the diligent one, before oneself. One should contemplate the palace, stainless like crystal and vast, possessing jewel lamps, exceedingly delightful and radiant, a deity perfected with all ornaments. From the scriptures of the Sugatas, the wind-stirred bells ring out melodiously: "The teachings that completely eliminate the views of attachment to permanence, pleasure, purity, and self, and which teach the dharma of impermanence, suffering, impurity, and selflessness, gladden the hearts of beings as far as the limits of space." The supreme, tiered celestial mansion of nine hundred and ninety-nine stories is adorned with the many beautiful bodies of the Victors, shimmering with light everywhere.