༄༅། ། བཅོམ་ལྡན་འདས་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། ། སྔགས་པ་གང་ཞིག་ཡུལ་ལམ་དབང་པོ་དང་ལས་ཀྱི་སྟོབས་ཀྱིས་གལ་ཏེ་ཕྱི་དང་ནང་གི་དམ་ཚིག་ཉམས་པ་འགའ་ཞིག་ལྟ་བུ་བྱུང་བར་གྱུར་ན། དེས་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ཐུགས་རྗེ་ཆེན་པོ་དང་ལྡན་པ་དྲན་པར་བྱས་ལ། ལུས་དང་ལོངས་སྤྱོད་དང་། གདམས་ངག་ལ་ལྷག་པར་ཆགས་པ་ཡང་སྤངས་ཏེ། ཆོ་ག་རྣམས་ལས་ཇི་སྙེད་འབྱུང་བའི་བཤགས་པ་དང་། སྦྱང་བ་རྣམས་ཀྱིས་ཤིན་ཏུ་གུས་པར་རབ་ཏུ་དག་པར་བྱའོ། ། དེའི་ཡང་ཆོ་ག་རྣམས་ཀྱི་གཙོ། ། དཔལ་ལྡན་འཇིག་རྟེན་གསུམ་རྒྱལ་པོ། ། དྲི་མ་སྦྱོང་བའི་བརྟག་པ་ལས། ། གང་བཤད་བདུད་རྩིའི་ཆུ་རྒྱུན་འདི། ། པདྨོ་དཀར་རྒྱས་འདབ་སྟོང་རྣམ་པར་བྱེ་བ་ཡི། ། ལྟེ་བར་རང་སེམས་དྲི་མེད་ཧཱུཾ་གི་སྙིང་པོ་ཅན། ། སྒྲིབ་ཚོགས་ཆགས་ཉམས་དུ་བ་ཁུག་རྣ་དངུལ་གྱི་ཚུལ། ། མེ་ལོང་ངོས་ལ་གཡའ་དག་ཇི་བཞིན་ཁེབས་པར་བསམ། ། དེ་ཡི་གཙུག་ཏོར་ནས་བརྒྱུད་པ། ། དྷཱུ་ཏཱི་རིན་ཆེན་སྤངས་པ་ཡི། ། སྦུ་གུ་དཀར་པོ་གྱེན་འགྲེང་བ། ། སྤྱི་གཙུག་བར་དུ་གསལ་བར་བྱ། ། བདག་ཉིད་ཅོད་པན་ཉི་ཟླའི་གདན་སྟེང་འབར་བ་ལ། ། བླ་མ་མགོན་དང་ཨ་ཧཾ་ཡབ་ཡུམ་ཕྱི་ནང་རིམ། ། ཇི་བཞིན་སྙོམས་འཇུག་བདེ་ཆེན་སྟོང་ཉིད་བསམ་གཏན་ལ། ། རྟག་ཏུ་དགེས་བཞུགས་བདག་གི་ཉམས་པ་གསོ་མཛད་བསྒོམ། ། ཕྱི་ནང་གསང་གསུམ་མཆོད་པ་དང་། ། བསྟོད་སོགས་རྒྱས་པར་བྱས་ནས་ནི། ། འགྱོད་དང་སྡོམ་དང་དང་བར་བཅས། ། རྩེ་གཅིག་བློ་ཡིས་གསོལ་བར་བྱ། ། ཐོག་མ་ཁོ་ནར་བླ་མ་སྙོམས་ཞུགས་བྱང་ཆུབ་སེམས་ཀྱི་རྒྱུ་རབ་དམར། །
Homage to the Blessed One, Avalokiteśvara. If a mantra practitioner, through the power of objects, the senses, or karma, should experience any impairment of the outer or inner samaya, they should call to mind the Noble Avalokiteśvara, who possesses great compassion. Having abandoned attachment to body, possessions, and even the oral instructions, they should thoroughly purify themselves with the utmost devotion through the confessions and cleansing rites that arise from the ritual manuals. The foremost of those rituals is the "Stream of Nectar" explained in the Vimalaprabhā (The Stainless Purification) of the glorious Trailokyavijaya. One should visualize the following: At the center of a fully blossomed thousand-petaled white lotus, one's own stainless mind is the essence of the syllable HŪṂ. One should imagine that the collection of obscurations, impairments, and attachments—appearing like smoke, mist, or silver—covers it, just as tarnish covers the surface of a mirror. From the crown of that [lotus], a white tube, the avadhūtī free of jewels, stands upright and clear, reaching to the top of the head. Upon a seat of sun and moon, blazing above the crown of one's head, one should meditate on the Guru, the Protector, and the A-Haṃ Father-Mother in their outer and inner stages. One should visualize them always joyfully abiding in the meditative concentration of great bliss and emptiness in union, restoring my impairments. Having performed the outer, inner, and secret offerings, as well as the praises and so forth in detail, one should pray with a one-pointed mind, accompanied by regret, restraint, and faith. At the very beginning, the Guru enters into union, and the cause of the bodhicitta is a brilliant red.