༄༅། ། བཅོམ་ལྡན་འདས་ཡེ་ཤེས་འབར་བ་ལ་ཕྱག་འཚལ་ལོ། ། ཐེག་པ་མཆོག་ཞུགས་དེ་ཉིད་ཡེ་ཤེས་མ་མཐོང་དང་། ། མཐོང་བ་ཇི་སྲིད་རྣལ་དུ་མི་གནས་རེས་འགའ་ཉིད། ། དེ་བཞིན་རྣམ་གཡེངས་ཐིབས་པོར་གྱུར་དང་མཐར་མི་འགྲོ། ། བློ་གྲོས་ལམ་ལྟོས་དེ་དག་ལས་འཕགས་འདིར་བཤད་བྱ། ། བདག་ལུས་སྤྱི་གཙུག་ཅོད་པན་ལ། ། དཔལ་ལྡན་བླ་མ་བརྒྱུད་པའི་རིམ། ། ཡེ་ཤེས་ཤིང་རྟའི་རྩ་མཆོག་ལམ། ། དྲང་དང་བར་མ་ཆད་དང་(དངས‚དངོས)། ། དེ་མཐའ་སློབ་དཔོན་རྡོ་རྗེ་རྩེ། ། བདག་གི་ཚངས་གནས་ནམ་མཁའི་སྒོར། ། ཨཱིཿཧཱུཾ་གཉིས་མཚན་རེག་བསྒོམས་ལ། ། སྟེང་རིམ་ནས་ནི་གསོལ་བ་གདབ། ། མ་ལུས་ཡེ་ཤེས་ཅན་རྣམས་ཀྱིས། ། ཡང་དག་རིམ་མཛད་ས་བོན་ཧཱུཾ། ། པདྨ་ལ་ནི་གེ་སར་བཞིན། ། མཁས་པས་རབ་དད་ཐུགས་ཀར་བསྒོམས། ། ཟླ་བ་ལ་ཡང་སྐར་མ་ལྟར། ། རྡོ་རྗེ་འཆང་ཆེན་འོད་མཐར་ནི། ། བཅུ་དང་གཉིས་བཅས་ཨ་ཕྲེང་གིས། ། བསྐོར་བལྟས་གསང་སྔགས་བཟླས་པར་བྱ། ། ཨོཾ་རཏྣ་གུ་རུ་ཤྲཱི་ཨ་བ་ལོ་ཀེ་ཏེ་ཤྭ་ར་སརྦ་ཨིཥྚ་དེ་བ་ཏ་མ་ཧཱ་ཏིཥྛ་ནེ་མ་མ་ཙི་ཏ་ཏ་ཏ་ཏ་ཛྙཱ་ན་ཛྭ་ལ་ཛྭ་ལ། པྲ་ཏི་ཛྭ་ལ་པྲ་ཏི་ཛྭ་ལ། པྲ་ཏྱུད་པནྣ་ཧྲྀ་ད་ཡ་ཛྭ་ལ་ཛྭ་ལ་སྥ་ར་ཎ་ས་ཧཱུཾ་ཧཱུཾ་ཧཱུཾ། གསང་སྔགས་རྒྱལ་པོ་རིག་པ་ཆེ། ། རྡོ་རྗེ་འབེབས་པ་གདོན་མི་ཟ། ། རྣལ་འབྱོར་ཕྱག་རྒྱ་ངེས་པ་འདིས། ། ཐུགས་བསྐུལ་ཡེ་ཤེས་འབབ་པར་འགྱུར། ། རྡོ་རྗེ་དབང་ཕྱུག་ས་བཅུའི་སྙིང་། ། བུམ་པ་ལས་ནི་རྒྱུན་བཞིན་དུ། ། རིམ་གྱིས་བདག་སྙིང་ས་བོན་ལ། ། བབ་གྱུར་དེ་ཡི་གཟི་བརྗིད་བསྐྱེད། ། འཆར་ཀའི་འོད་ལྟར་དམར་བ་དང་། ། ཟླ་རྒྱས་དཀྱིལ་འཁོར་ལྟར་དཀར་ཉིད། །
Homage to the Blessed One, the Blazing Wisdom. Those who have entered the supreme vehicle but have not seen reality, or who, even if they have seen it, do not abide in composure but remain only occasionally; likewise, those who have become obscured by distraction and do not reach the end—those whose intellects depend on the path, I shall here explain how to transcend them. Upon the crown of my head, at the top of the head, is the glorious lineage of gurus. They are the supreme path of the chariot of wisdom, straight, uninterrupted, and clear. At its end is the master Vajraśekhara. At the aperture of the sky of my Brahma-aperture, I meditate on the two syllables Āḥ and Hūṃ, touching each other. From the upper level, I offer this supplication: "May all those who possess wisdom without exception perform the authentic sequence. The seed syllable Hūṃ is like the filaments of a lotus; the wise, with great faith, should meditate it in the heart. Like stars upon the moon, the Great Vajradhara, at the end of the light, is surrounded by the string of vowels and the ten and two [consonants]. Beholding this, one should recite the secret mantra: Oṃ ratna guru śrī avalokiteśvara sarva iṣṭadevatā mahā tiṣṭhane mama citta ta ta ta jñāna jvala jvala, pratijvala pratijvala, pratyudpanna hṛdaya jvala jvala spharaṇa sa hūṃ hūṃ hūṃ. This king of secret mantras is great knowledge, the vajra-descending one, beyond doubt. By this certain mudrā of yoga, the heart is invoked and wisdom descends. The Lord of Vajras, the essence of the ten grounds, flows like a stream from the vase, gradually descending into the seed syllable in my heart and generating its splendor. It is red like the light of dawn and white like the orb of the full moon."