༄༅། ། སྤྱན་རས་གཟིགས་དབང་ཕྱུག་གཟི་བརྗིད་རྒྱལ་པོ་ལ་ཕྱག་འཚལ་ལོ། ། འཇིག་རྟེན་མགོན་པོ་མཉེས་བྱ་དང་། ། མཉེས་འདོད་དད་པ་ཐོབ་པས་ཀྱང་། ། མང་པོའི་སྤྱོད་ཡུལ་འགྱུར་བར་ནི། ། མཆོད་རྟེན་ལ་སོགས་བརྩམ་པར་བྱ། ། གཟི་བརྗིད་རྒྱལ་པོ་ཞལ་གཅིག་པའམ། ། ཡང་ན་དཔག་ཏུ་མེད་ཞལ་ཕྱག། བསམ་གྱིས་མི་ཁྱབ་སྤྱན་མངའ་བ། ། བསོད་ནམས་བསྒྲུབ་ཕྱིར་སྤྱན་དྲངས་མཆོད། ། བདག་ཉིད་ཧྲཱིཿཡིག་ལས་སྐྱེས་པའི། ། རྩ་བའི་རྒྱལ་བ་གང་བསྒོམས་པ། ། དེ་ཡིས་བྱིན་བརླབས་དབང་བསྐུར་ནས། ། རྒྱ་མཚོ་ལ་ནི་ཆར་རྒྱུན་བཞིན། ། འཇིམ་པ་ལ་སོགས་ཡོ་བྱད་ལ། ། རྡོ་རྗེ་འབར་བས་བགེགས་བསལ་ཏེ། ། རིག་པའི་རྒྱལ་པོས་གཟི་བསྐྱེད་ལ། ། རྣལ་འབྱོར་ལྡན་པར་བྱིན་གྱིས་བརླབ། ། ཨོཾ་ཨཱཿཧྲཱིཿསརྦ་ཨ་བྷི་ཀ་ན་ན་ཧ་ར་ཧ་ར་པྲ་ཧ་ར་ཧཱུཾ་ཧཱུཾ་ཕཊ། ཨོཾ་ཨཱཿཧྲཱིཿསརྦ་དྷརྨྨ་ནིརྨ་ལ་བི་ཤུདྡྷོ་སྭ་བྷཱ་ཝ་སརྦ་མ་ཧཱ་གྷུན་ཨ་ནུ་བརྟི་ཏ་ཡེ་སྭཱ་ཧཱ། ཨོཾ་ཨཱཿཧཱུཾ་ཧོཿདེ་ནས་རྟེན་ལ་ཚོགས་བསགས་ཏེ། ། སྟོང་པ་ཉིད་དང་བསམ་མི་ཁྱབ། ། ཕྱོགས་བཅུའི་སངས་རྒྱས་དགོངས་མཛད་པར། ། སྔགས་དང་མཆོད་རྟེན་བཞེངས་པར་བྱ། ། ཨོཾ་ན་མོ་བྷ་ག་ཝ་ཏེ། ལོ་ཀེ་ཤྭ་རཱ་ཡ། པྲ་བྷ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ། སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་སུ་ཀྵྨེ་སུ་ཀྵྨེ་ས་མེ་ས་མ་ཡ། ཤཱནྟེ་དཱནྟེ། ས་མ་རོ་བེེ། ཨ་ནཱ་ལཾ། ཏ་རཾ་བེ། ཡ་ཤོ་ཝ་ཏི། མ་ཧཱ་ཏེ་ཛ། ནིར་ཀུ་ལེ། ནིར་བཱ་ན། སརྦ་བུདྡྷ། ཨ་དྷིཥྛཱ་ན། ཨ་དྷིཥྛཱ་ཏེ་སྭཱ་ཧཱ།
Homage to Avalokiteśvara, the King of Splendor. To please the Protector of the World, and by those who have attained the faith that desires to please him, one should construct stūpas and the like so that they become an object of experience for many. Whether the King of Splendor has one face or immeasurable faces and hands, possessing inconceivable eyes, one should invite and make offerings to him in order to accomplish merit. One should meditate on whichever root Victorious One arises from the syllable Hrīḥ. Having been blessed and empowered by that, like a stream of rain falling into the ocean, one should clear away obstacles from the clay and other materials with a blazing vajra. Then, having increased the splendor through the King of Knowledge, one should bless them so that they are endowed with yoga. Oṃ āḥ hrīḥ sarva abhikana na hara hara prahara hūṃ hūṃ phaṭ. Oṃ āḥ hrīḥ sarva dharmā nir-mala viśuddho svabhāva sarva mahāghuna anuvartitaye svāhā. Oṃ āḥ hūṃ hoḥ. Then, having accumulated the collections for the support, one should contemplate emptiness and the inconceivable. With the Buddhas of the ten directions in mind, one should erect the mantra and the stūpa. Oṃ namo bhagavate lokeśvarāya prabhārājāya tathāgatāya arhate samyaksaṃbuddhāya. Tadyathā: oṃ sukṣme sukṣme same samaya śānte dānte samarobe anālaṃ tarambe yaśovati mahāteja nirkule nirkāna sarvabuddha adhiṣṭhāna adhiṣṭhate svāhā.