༄༅། ། ཐུགས་རྗེ་ཆེན་པོ་སྐུ་གསུང་ཐུགས་ཡེ་ཤེས་རྣམ་པར་འཕྲུལ་པ་ལ་ཕྱག་འཚལ་ལོ། ། དེ་ནས་སྐུ་གཟུགས་ཀྱི་ཆོ་ག་བཤད་པར་བྱ་སྟེ། མཚན་མ་མཐོང་བའི་སྒྲུབ་པ་པོས་དམ་ཚིག་སྦྱངས་ཏེ། བྱིན་གྱིས་བརླབས་པའི་སྐུ་ལ་བདར་བའི་ཆུས་ལུས་བཀྲུས་ལ། གནས་ཕུན་སུམ་ཚོགས་པར་བདག་གི་ལྟོས་པ་དོར་བས་བརྩམ་མོ། ། རྒྱུ་དང་ངོ་བོ་ཁ་དོག་དང་། ། རབ་ཏུ་གནས་པ་རྣམ་པར་དག། ཡོན་ཏན་དང་ནི་ཕྲིན་ལས་རྒྱུན། ། བརྒྱད་པོ་ལ་ནི་ཆོ་ག་བརྒྱད། ། ཐུགས་དང་སྐུ་དང་གསུང་ཉིད་དང་། ། ཡེ་ཤེས་དང་ནི་དེ་ཁོ་ན། ། ལྔ་ནི་ཡི་གེ་ལྔར་བཅས་ལ། ། གཞན་གསུམ་རང་བཞིན་ཡི་གེ་གསུམ། ། ཧཱུཾ་ཨོཾ་ཨཱཿཧྲཱིཿཧེ་ཧོཿཕཊ་སྭཱ་ཧཱ། འཇིམ་པ་དང་རྡོ་དང་ཤིང་དང་རས་དང་རུས་པ་དང་རྩིག་ངོས་དང་རིན་པོ་ཆེ་ལ་སོགས་པའི་རྒྱུ་རྣམས་ནི་རྡོ་རྗེ་འཆང་དབང་ཕྱུག་གི་ང་རྒྱལ་གྱིས་སྙིང་གི་པདྨོའི་དབུས་ཀྱི་ཧཱུཾ་རྡོ་རྗེ་སེམས་དཔའ་ལས་འཕྲོས་པའི་ཐུགས་རྡོ་རྗེའི་རྡུལ་ཕྲ་རབ་ཀྱིས་གང་ཞིང་གཏམས་པར་བྱའོ། ། ཞི་བ་དང་ཁྲོ་བ་དང་ཚུལ་གཉིས་པ་ལ་སོགས་པའི་སྐུ་གཟུགས་ཀྱི་ངོ་བོ་རྣམས་ནི་འཁོར་ལོ་ཅན་དབང་ཕྱུག་གི་ང་རྒྱལ་གྱིས་སྙིང་གི་འདབ་མའི་དབུས་ཀྱི་ཨོཾ་འཁོར་ལོ་སེམས་དཔའ་ལས་འཕྲོས་པའི་སྐུ་ཐུགས་རྗེ་རྣམ་པར་རོལ་པས་རབ་ཏུ་བརྗིད་པའི་བདག་ཉིད་དུ་བྱའོ། ། དཀར་བ་དང་དམར་བ་དང་སེར་བ་དང་ལྗང་གུ་ལ་སོགས་པའི་ཁ་དོག་རྣམས་ནི་པདྨ་ཅན་དབང་ཕྱུག་གི་ང་རྒྱལ་གྱིས་སྙིང་གི་འདབ་མའི་དབུས་ཀྱི་ཨཱཿཔདྨོའི་སེམས་དཔའ་ལས་འཕྲོས་པའི་གསུང་ཉེ་བར་བཀོད་པས་ཤིན་ཏུ་ཁྱབ་པར་བྱའོ། །
Homage to the Great Compassionate One, the miraculous manifestation of body, speech, mind, and wisdom. Next, the ritual for the physical form shall be explained. The practitioner who has perceived the signs should purify their samaya and wash their body with water consecrated for the image. Then, in an excellent location, they should begin the work, having abandoned all worldly attachments. Regarding the material, essence, color, consecration, purity, qualities, and the stream of activity—these eight have eight corresponding rituals. The mind, body, speech, wisdom, and suchness—these five are associated with the five syllables; the other three are the three natural syllables: HŪṂ, OṂ, ĀḤ, HRĪḤ, HE, HOḤ, PHAṬ, SVĀHĀ. As for the materials—clay, stone, wood, cloth, bone, wall surfaces, precious gems, and so forth—one should, with the pride of the Lord Vajradhara, fill and saturate them with the subtle vajra particles of the Mind-Vajra emanating from the HŪṂ at the center of the heart lotus of Vajrasattva. As for the essences of the physical forms—peaceful, wrathful, or the two-fold manner, and so on—one should, with the pride of the Lord Cakrin, establish them as the majestic nature of the Body-Compassion emanating from the OṂ at the center of the heart petals of Cakrasattva. As for the colors—white, red, yellow, green, and so forth—one should, with the pride of the Lord Padmin, pervade them thoroughly with the Speech-Array emanating from the ĀḤ at the center of the heart petals of Padmasattva.