༄༅། ། འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་མེ་དཔུང་འབར་བ་ལ་ཕྱག་འཚལ་ལོ། ། བསོད་ནམས་ཡེ་ཤེས་ཚོགས་མྱུར་དུ། ། དངོས་གྲུབ་བྱེད་དང་ཟང་ཟིང་རྙེད། ། གཟི་བརྗིད་བསྐྱེད་དང་མཐུ་བསྐྱེད་དང་། ། སྡིག་འཇོམས་བྱ་ཕྱིར་མེ་དཔུང་མཆོད། ། དམ་ཚིག་ཅན་གྱིས་སྔོན་དུ་ལྷ་འདྲིས་པར་བྱས་ནས་ནགས་དབེན་པར་སོང་སྟེ། ཁྲུ་བཞི་པ་དང་། ཁྲུ་གང་པ་དང་མཐོ་གང་བའི་ཚད་ཀྱི་ཤིང་བུ་བཟང་པོ་བསྲུང་བ་བླངས་ཏེ། སེམས་ཅན་ཐམས་ཅད་ལ་བྱམས་པ་དང་ལྷན་ཅིག་པའི་དད་པ་དྲག་པོས་མཆོད་པའི་ཡིད་མ་བརྗེད་པར་བྱས་ལ། ཇི་ཙམ་རིགས་པར་མཆོད་རྟེན་གྱི་གཟུགས་ལྟ་བུར་བརྩིག་གོ། ། ཇི་སྐད་ཞི་བའི་སྦྱིན་སྲེག་ཏུ། ། གང་བསྲུང་སྲེག་རྫས་མཆོད་པའི་རྐྱེན། ། དེ་དག་ཐམས་ཅད་འདི་ཤེས་བྱ། ། ཁྱད་པར་དུ་ནི་རབ་བསྔགས་བརྒྱད། ། ས་ཡི་བདག་པོའི་ཡོ་བྱད་རུང་བ་སྣ་ཚོགས་ཕྱེ་མར་བྱས་པ་དང་། ། དབང་ཕྱུག་རྣམས་ཀྱི་འབྲུ་ནོར་དང་ནི་དེ་བཞིན་ཚོང་དུས་ཆེན་པོའི་ས། ། གཟི་ལྡན་མཐུ་ཆེན་སྐྲ་དང་སེན་མོའི་འཚོ་བའི་དང་པོར་བྱས་པའི་ཕུད། ། རང་ཉིད་ལུས་སྐྱེས་དྲི་མ་སྣ་ཚོགས་ཕུན་སུམ་ཚོགས་མིན་ལིང་གའོ། ། དེ་ལ་ཐོག་མ་ཁོ་ནར་མེ་སྦར་བ་དང་ཆོ་ག་ཇི་ལྟ་བ་བཞིན་བྱས་ཏེ། འབར་བའི་དབུས་སུ་ཡེ་ཤེས་ཀྱི་ལྷ་སྤྱན་དྲངས་ཏེ། མཆོད་པ་དང་བསྟོད་པ་སྔོན་དུ་འགྲོ་བས་སྲེག་རྫས་དབུལ་ཞིང་རབ་ཏུ་བསྔགས་པའི་ཆུས་ཡང་དང་ཡང་དུ་ཁྲུས་གསོལ་བ་དང་བསང་གཏོར་བྱའོ། །
Homage to the Noble Avalokiteśvara, the Blazing Mass of Fire. To swiftly gather the accumulations of merit and wisdom, to achieve accomplishments and material gains, to generate splendor and power, and to destroy negativity—one should make offerings to the Blazing Mass of Fire. One who possesses the samaya should first become familiar with the deity, then go to a secluded forest. Taking well-protected, high-quality wood of the size of four cubits, one cubit, or one span, one should maintain a mind of intense faith accompanied by loving-kindness for all sentient beings, never forgetting the intent of the offering. One should then construct a structure in the shape of a stūpa to an appropriate size. As it is said in the Peaceful Fire Offering: "Whatever is to be protected, the substances for burning, and the conditions for the offering—all these should be understood here. In particular, there are eight highly praised [substances]: the various suitable articles of the lords of the earth ground into powder; the grain and wealth of the powerful, as well as earth from a great marketplace; the first portion of the hair and nails of those possessing splendor and great power; and the various impurities produced from one's own body, which are not [ordinarily] excellent. Regarding these, first of all, one should kindle the fire and perform the ritual according to the procedure. Having invited the wisdom deity into the center of the flames, preceded by offerings and praises, one should present the burning substances and repeatedly perform the ritual bathing and purification with highly praised water."