༄༅། ། འཕགས་པ་སྤྱན་རས་གཟིགས་མཆོད་སྦྱིན་མང་པོ་དང་ལྡན་པ་ལ་ཕྱག་འཚལ་ལོ། ། དེ་ནས་སྙིང་རྗེ་ཆེན་པོ་ཅན་ཆུ་གཏོར་གྱི་མཆོད་སྦྱིན་ལ་མངོན་པར་དགའ་བས་གང་ན་རི་དང་ཐང་དང་འབབ་ཆུ་དང་ནེའུ་གསིང་དང་། ལྷ་ཁང་དང་ཕུག་ལ་སོགས་པ་ཅི་རིགས་པའི་གནས་སུ་ཡོ་བྱད་ཕུན་སུམ་ཚོགས་པར་བྱས་ནས་བདེ་བའི་ཡིད་དང་ལྡན་པས་འདུག་སྟེ། གསུམ་ལ་སྐྱབས་སུ་སོང་ནས་བརྩམས་ཏེ། ། བྱང་ཆུབ་མཆོག་ཏུ་སེམས་གཟུང་བར། ། བྱམས་སོགས་ཚངས་པའི་གནས་བཅས་པས། ། ངེས་པར་བྱས་ཏེ་ཆོ་ག་བརྩམ། ། ཐམས་ཅད་སྟོང་པ་ཉིད་དབྱིངས་ལས། ། པདྨ་ཟླ་དབུས་ས་བོན་མཚན། ། ཡོངས་གྱུར་སྦྱོར་བས་ལྷ་མཆོག་བསྐྱེད། ། ཕྱག་རྒྱ་སྔགས་ཀྱིས་ཡོངས་སུ་བཅིང་། ། རྡོ་རྗེ་བསྡམས་པ་ལས་བྱུང་བ། ། གཉིས་བརྐྱང་གུང་མོ་མཛུབ་གཉིས་མདུད། ། མཐེ་བོང་རྡོ་རྗེ་བསྟེན་སྦྱར་ལ། ། སྤྱི་གཙུག་སྟེང་དུ་གསལ་གཞག་སྟེ། ན་མཿས་མནྟ་བུདྡྷ་ནཱཾ་བཛྲ་ཨུཥྞཱྀ་ཥ་ཧཱུཾ་ཧཱུཾ། ཞེས་བྱ་བས་གཙུག་ཏོར་གསལ་བར་བྱའོ། ། རྡོ་རྗེ་ཐལ་མོ་གཉིས་སྦྱར་ལས། ། གུང་མོ་གཉིས་བརྐྱང་སྲིན་ལག་མཛུབ། ། རྩེ་སྦྱར་ཕན་ཚུན་ཁྱུད་བསྐོར་ནས། ། གཙུག་ཏོར་སྟེང་དུ་གསལ་བྱས་ནས། ། ཨོཾ་ཨཱཿཧྲཱིཿབཛྲ་ཨ་མྲྀ་ཏེ་པསྠཱི་ཏི་ཧཱུཾ་ཧཱུཾ། ཞེས་བྱ་བས་འོད་དཔག་མེད་ཀྱི་ཅོད་པན་བསྒྲུབ་པར་བྱའོ། ། ཀླུ་མཆོག་ཆོས་འཆད་ལས་སྐྱེས་པ། ། གུང་མོ་དང་ནི་མཐེ་བོང་གཉིས། ། གཤིབས་བརྐྱང་རྩེ་མོ་ལྷན་ཅིག་པ། ། དམིགས་ལ་ཉེ་བར་བཏུད་ནས་ནི། ། ཨོཾ་ཨཱཿཧྲཱིཿབཛྲ་ཛྙཱ་ན་ཙཀྵུ་པྲ་ས་ཀ་ས་ཧཱུཾ། ཞེས་བྱ་བས་ཡེ་ཤེས་ཀྱི་སྤྱན་དང་ལྡན་པས་གསལ་བར་བྱའོ། །
Homage to the Noble Avalokiteśvara, who possesses manifold offerings and gifts. Then, one who possesses great compassion and delights in the offering of water libations (torma) should prepare the necessary materials in a suitable location—whether a mountain, a plain, a river, a meadow, a temple, or a cave—and sit with a joyful mind. Having first taken refuge in the Three Jewels, one should begin the ritual by firmly establishing the supreme mind of awakening and the sublime abodes of love and so forth: "Having taken refuge in the Three, And having firmly established the supreme mind of awakening And the sublime abodes of love and so forth, One should begin the ritual. From the expanse of the emptiness of all things, A lotus and moon arise, marked by the seed-syllable. Through the transformation of these, the supreme deity is generated. One is completely bound by the mudrās and mantras. From the vajra-binding gesture, The two [index fingers] are extended, the middle and index fingers are knotted, And the thumbs are joined in the vajra-position. Visualizing this clearly at the crown of the head, Recite: Namaḥ samantabuddhānāṃ vajroṣṇīṣa hūṃ hūṃ. By this, the uṣṇīṣa is made manifest. Joining the two vajra-palms, The two middle fingers are extended, and the ring and index fingers Are joined at their tips and encircled. Visualizing this clearly above the uṣṇīṣa, Recite: Oṃ āḥ hrīḥ vajramṛte sthiti hūṃ hūṃ. By this, the crown of Amitābha is accomplished. From the supreme nāga teaching the Dharma, The middle and thumbs are aligned and extended, Their tips joined together. Visualizing this and bowing slightly, Recite: Oṃ āḥ hrīḥ vajrajñānacakṣu prasaka sa hūṃ. By this, one is made manifest as possessing the eye of primordial wisdom."