༄༅། ། ཐུགས་རྗེ་ཆེན་པོ་རྒྱུན་གྱི་ཕྲེང་བ་ཅན་ལ་ཕྱག་འཚལ་ལོ། ། སྙིང་རྗེ་ཆེན་པོ་ཅན་གྱི་རྣལ་འབྱོར་པས། ཡི་དྭགས་ལ་སོགས་པ་ཕོངས་པ་རྣམས་ལ་ཆུའི་སྦྱིན་པ་སྦྱིན་པ་ལ་བརྩོན་པར་བྱ་སྟེ། རྒྱུ་གཅིག་སྔོན་དུ་སོང་བ་ཡིས། ། འཕགས་པ་ཉིད་ནི་དྲན་བྱས་ལ། ། མགྲིན་པ་ལག་པ་འཁོར་ལོར་བཅས། ། རྫོགས་པའི་སྦྱོར་བས་རྫོགས་པར་བྱས། ། ཕྱག་གཡས་ཟླ་དབུས་ཡེ་ཤེས་ཅན། ། ཨ་ཕྲེང་གིས་བསྐོར་གསལ་བ་ཡི། ། མིང་མེད་རྩེ་ནས་མི་འགྱུར་བདུན། ། འབབ་པ་བདུད་རྩིའི་རྒྱུན་རབ་འཛག། པདྨོ་རྒྱས་བཏབ་རིན་ཆེན་སྣོད། ། བསིལ་ཞིམ་དངས་པས་བཀང་བའི་ཆུ། ། པདྨོའི་མཚོ་ལ་ཆར་རྒྱུན་བཞིན། ། ཡེ་ཤེས་བདུད་རྩིར་འབབ་པས་བསྲེ། ། འཇུངས་པའི་མྱ་ངན་རྒུད་པ་ཡི། ། གཟུགས་ཅན་ཇི་སྙེད་འཇིག་རྟེན་རྒྱུ། ། དེ་སྙེད་ཕྱག་མཐིལ་འོད་ཟེར་གྱི། ། མདུན་བདར་ས་གཞི་གང་བར་བྱ། ། ཨོཾ་ཨཱཿཧྲཱིཿམ་ཧཱ་ཀཱ་རུ་ཎི་ཀ་པྲ་སཱ་ད་སརྦ་པྲེ་ཏ་པྲ་ཏྱུད་ཏ་སཱི་གྷྲཾ་ཛ་ཛ་ཛཿ། ། དེ་རྗེས་འོད་ཟེར་སྐར་མདའ་ཡི། ། སྔགས་དང་ཕྱག་རྒྱ་གསལ་བ་ཡིས། ། མ་ལུས་ལྕེ་ལ་འབར་བ་ཡི། ། སྦུབས་བསམས་ཡི་གེ་བཞི་བརྗོད་སྦྱིན། ། ཨོཾ་ཨཱཿཧྲཱིཿཧཱུཾ། ཟས་ཀྱི་བདུད་རྩིས་ཚིམ་བྱས་ནས། ། གནས་གྱུར་ལྷ་ལུས་ཐོབ་པ་ན། ། བདེ་གཤེགས་བཀའ་ཡི་ཚིག་སྦྱིན་པས། ། དུབ་པའི་སེམས་ཀྱང་ཚིམ་པར་བྱ། ། མཐར་ནི་སྨོན་ལམ་གྱིས་སྨིན་པའི་གདུལ་བྱར་བྱས་པ་ལ་ལམ་བསྟེན་པའི་ཕྱག་རྒྱས་བཀའ་བསྒོ་ལ་ཅི་བདེ་བར་དེངས་སུ་གཞུག་གོ། ཆུ་སྦྱིན་གྱི་ཆོ་ག་རྫོགས་སོ། །
Homage to the Great Compassionate One, the One with the Continuous Garland. A yogin possessing great compassion should strive to bestow the gift of water upon those who are destitute, such as hungry ghosts. Having first established the single cause, one should bring the Noble One to mind and complete the practice through the perfect application: The throat and hand, together with the wheel, are perfected by the complete yoga. In the center of the moon upon the right hand is the one possessing wisdom, clearly encircled by the string of As. From the tip of the ring finger, seven unchanging [streams] flow down, a continuous stream of nectar. Into a precious vessel sealed with a lotus, water is filled—cool, sweet, and clear. Like a rain of lotuses falling upon a lake, it flows as the nectar of wisdom and is mixed [with the water]. As many embodied beings as there are in the world who wander in the misery of stinginess, fill the ground before them with the light rays from the palms of the hands. Oṃ āḥ hrīḥ mahākāruṇika prasāda sarva preta pratyuṭṭa sīghraṃ ja ja jaḥ. Thereafter, with the mantra and mudrā clearly visualized like a shooting star, imagine the [mantra] blazing upon the tongues of all without exception. Recite the four syllables and give [the water]. Oṃ āḥ hrīḥ hūṃ. Once they are satisfied by the nectar of food and have attained the transformed bodies of deities, satisfy their weary minds by giving the words of the Sugata’s command. Finally, having ripened the disciples through aspiration prayers, give the command with the mudrā of following the path and let them depart as they please. The ritual of water offering is complete.