༄༅། ། དེ་བཞིན་གཤེགས་པ་སྤྱན་རས་གཟིགས་སྨོན་ལམ་གྱི་དབང་པོ་ལ་ཕྱག་འཚལ་ལོ། ། རྒྱལ་སྲས་རྣམས་ཀྱིས་བསྒྲུབ་པ་ནི། ། སེམས་ཅན་རྣམས་ལ་ཕན་བརྩོན་པས། ། སྨོན་ལམ་རྒྱ་མཚོ་སྤྱོད་པའི་ཕྱིར། ། དེ་ཡི་དབང་གྱུར་འདི་བཤད་བྱ། ། སྔོན་ནས་བསྙེན་པའི་རིམ་པ་ལ། ། འདྲིས་གྱུར་སྙིང་རྗེས་ཡིད་གདུངས་པ། ། མིག་དང་སྨིན་མཚམས་སྙིང་དཀྱིལ་དུ། ། བྱམས་སོགས་ཐིག་ལེ་གསུམ་བསྒོམ་བྱ། ། ཉི་མའི་འོད་དང་ཟླ་བའི་འོད། ། དེ་ནི་ཐུགས་རྗེ་མི་ཕྱེད་འོད། ། ལུས་ཅན་རྣམས་ཀྱི་སྙིང་དང་ནི། ། ཉོན་མོངས་མེ་ལྕེ་དེ་ནང་གནས། ། དེ་བཞིན་སྤྱི་གཙུག་གྲངས་བཞིན་དུ། ། པདྨ་ཟླུམ་དང་རཾ་རྡོ་རྗེ། ། གང་ཚེ་སྐྱེ་བོ་དོན་ཚོལ་བ་དང་དོན་མི་ཚོལ་བ་གཅིག་དང་མང་པོ་ཡང་རུང་སྟེ། བདག་གི་དབང་པོའི་སྤྱོད་ཡུལ་དུ་འབབ་པས་ལས་ལ་སྦྱར་དུ་རུང་བར་གྱུར་པ་དང་། ཆོ་ག་འདིས་རྣལ་འབྱོར་དུ་བྱས་ལ་འཕགས་པ་སྤྱན་རས་གཟིགས་ལ་གསོལ་བ་བཏབ་སྟེ། མ་འོངས་པའི་དུས་སུ་མྱུར་བ་ཁོ་ནར་སེམས་ཅན་ཁྱེད་ཅག་བདག་གིས་སྨིན་པའི་གདུལ་བྱར་གྱུར་ཅིག་ཅེས་སྨོན་ལམ་བཏབ་ལ། ཉི་འོད་ཐིག་ལེས་དེ་དག་པདྨོ་ཁ་ཕྱེད་ནས། ། ཟླ་འོད་ཅན་གྱིས་གདུང་བ་འབར་བ་ཞི་བར་བྱ། ། མི་ཕྱེད་ཟེར་གྱིས་ལུས་བཀང་རྡོ་རྗེའི་རྒྱས་བཏབ་ལ། ། ཅི་དགར་ཁྱེད་སྤྱོད་མ་ལུས་མྱུར་དུ་བདག་གིས་བསྒྲལ། ། དེ་རྗེས་ཆོས་དང་ཟང་ཟིང་སྦྱིན། ། མགུ་བྱ་ཀུན་གྱིས་སེམས་བཀུག་ནས། ། གླང་ཆེན་མྱོས་ལ་ལྕགས་ཀྱུ་བཞིན། ། མཁས་པས་འགྲོ་བ་དབང་དུ་བྱ། ། མེ་ཏོག་ལ་སོགས་བརྡས་གཏོད་པའམ། ། ཡང་ན་ལག་པ་རྐང་པ་མེད། ། ཡུན་རིང་དམིགས་ལྟས་མདའ་བསྣུན་པའམ། །
Homage to the Tathāgata Avalokiteśvara, Lord of Aspirations. The practice to be accomplished by the Bodhisattvas is the exertion to benefit sentient beings. In order to engage in the ocean of aspirations, I shall explain this empowerment. Regarding the stages of prior approach, those whose minds are moved by familiarity and compassion should meditate on the three drops of loving-kindness and so forth in the eyes, the space between the eyebrows, and the center of the heart. The light of the sun and the light of the moon are the inseparable light of compassion. Within the hearts of embodied beings, the flames of the afflictions abide. Likewise, at the crown of the head, in sequence, there is a lotus, a moon, and the syllable RAṂ and a vajra. When beings—whether seeking their own welfare or not, whether one or many—come within the range of one’s senses and thus become suitable for the ritual application, one should perform the yoga through this ritual and pray to the Noble Avalokiteśvara: "In the future, may you sentient beings quickly become the disciples to be ripened by me." With the sun-light drop, the lotuses are half-opened; with the moon-light, the blazing heat is pacified; with the inseparable rays, the body is filled and sealed with the vajra. "May I swiftly liberate you all, without exception, as you act as you please." Thereafter, one should give the gift of Dharma and material goods. Having captivated the minds of all through pleasing means, the wise should bring beings under their power, like an iron hook for a mad elephant. Whether by casting flowers and so forth as signs, or by [using] hands and feet, or by long-term visualization and shooting arrows, [one should act].