༄༅། ། དཔལ་ཐུགས་རྗེ་ཆེན་པོའི་མཆོད་པའི་སྤྲིན་གྱི་རྒྱལ་མཚན་གྱི་རྩེ་མོ་ལ་ཕྱག་འཚལ་ལོ། ། དངོས་གྲུབ་ཀུན་གྱི་རྒྱུར་གྱུར་པ། ། སྒྲུབ་པ་པོ་ལ་ཕན་བྱེད་ཐབས། ། མཆོད་སྤྲིན་རྒྱལ་མཚན་རྩེ་མོ་ཡིས། ། བསམ་མི་ཁྱབ་བྱེད་མཆོད་པ་བྲི། ། མེ་ཏོག་བདུག་པ་མར་མེ་དྲི། ། ཞལ་ཟས་རོལ་མོ་མཎྜལ་རྫས། ། འབྱོར་པའི་ཁྱད་པར་གྱིས་བཀོད་དེ། ། ཉིད་ཀྱི་ང་རྒྱལ་གྱིས་བྱིན་བརླབ། ། ཨོཾ་བཛྲ་པུཥྤེ་ཨཱཿཧཱུཾ། ཨོཾ་བཛྲ་དྷཱུ་པེ་ཨཱཿཧཱུཾ། ཨོཾ་བཛྲ་དཱི་པེ་ཨཱཿཧཱུཾ། ཨོཾ་བཛྲ་གནྡྷེ་ཨཱཿཧཱུཾ། ཨོཾ་བཛྲ་ནཻ་བི་དྱེ་ཨཱཿཧཱུཾ། ཨོཾ་བཛྲ་ཤབྡ་ཨཱཿཧཱུཾ། ཨོཾ་བཛྲ་མཎྜལ་ལ་ཨཱཿཧཱུཾ། རང་བཞིན་སྟོང་པ་ཉིད་ཅན་གྱི། ། སྣ་ཚོགས་མཆོད་རྫས་བསམ་མི་ཁྱབ། ། རྒྱལ་མཚན་རྩེ་མོའི་རིག་པ་ཡིས། ། སྤྲུལ་ནས་འཕགས་ཚོགས་མཆོད་པར་བྱ། ། ཨོཾ་ན་མོ་བྷ་ག་ཝ་ཏེ། མ་ཧཱ་ཀཱ་རུ་ཎཱི་ཀ་པུཥྤ་པཱུ་ཛ་མེ་གྷ་ས་མུ་དྲ་ཀེ་ཏུ་རཱ་ཛཱ་ཡ། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་པུཥྤེ། པུཥྤེ། པུཥྤེ། པུཥྤ། ཨུདྦྷ་པེ། པུཥྤ། ཨ་ཝ་ཀཱི་ར་ཎེ་སྭཱ་ཧཱ། མེ་ཏོག་དབུལ་བའི་སྔགས་སོ། ། དེ་བཞིན་དུ། དྷཱུ་པ་དང་། དཱི་པ་དང་། གནྡྷ་དང་། ནཻ་བི་དྱེ་དང་། ཤབྡ་དང་། མཎྜལ་ཞེས་བྱ་བ་ལ་སྦྱར་བའི་རིམ་གྱིས་བདུག་པ་དང་། མར་མེ་དང་། དྲི་ཆབ་དང་། ཞལ་ཟས་དང་། རོལ་མོ་དང་། མཎྜལ་དབུལ་བར་བྱའོ། ། གོས་བཟང་གྱོན་ཞིང་རྒྱན་བཟང་བཏགས། ། ཡི་གེ་གསུམ་དང་ལྡན་པ་ཡི། ། རྡོ་རྗེའི་གླུ་གར་སྔོན་སོང་བས། ། སངས་རྒྱས་ལ་སོགས་མཆོད་པར་བྱ། ། བདག་ཉིད་མཆོད་སྤྲིན་རྒྱ་མཚོ་ཡི། །
Homage to the Pinnacle of the Victory Banner of Clouds of Offerings to the Glorious Great Compassionate One. I shall write of the inconceivable offerings, the means that benefit the practitioner and serve as the cause for all accomplishments, by means of the Pinnacle of the Victory Banner of Clouds of Offerings. Having arranged flowers, incense, lamps, perfumes, food, music, and the substances for the maṇḍala according to the excellence of one’s resources, one should consecrate them with the pride of oneself [as the deity]. OṂ VAJRA PUṢPE ĀḤ HŪṂ OṂ VAJRA DHŪPE ĀḤ HŪṂ OṂ VAJRA DĪPE ĀḤ HŪṂ OṂ VAJRA GANDHE ĀḤ HŪṂ OṂ VAJRA NAIVIDYE ĀḤ HŪṂ OṂ VAJRA ŚABDA ĀḤ HŪṂ OṂ VAJRA MAṆḌALA ĀḤ HŪṂ Through the knowledge of the Pinnacle of the Victory Banner, one should emanate and offer these inconceivable, diverse offering substances, which are empty by nature, to the assembly of Noble Ones. OṂ NAMO BHAGAVATE MAHĀKĀRUṆIKĀYA PUṢPA-PŪJĀ-MEGHA-SAMUDRA-KETURĀJĀYA TATHĀGATĀYA ARHATE SAMYAKSAṂBUDDHĀYA | TADYATHĀ | OṂ PUṢPE PUṢPE PUṢPE PUṢPA UDBHAVE PUṢPA AVAKĪRAṆE SVĀHĀ. This is the mantra for offering flowers. Likewise, by applying the sequence of dhūpa, dīpa, gandha, naivedya, śabda, and maṇḍala, one should offer incense, lamps, perfumes, food, music, and the maṇḍala. Wearing fine garments and adorned with excellent ornaments, preceded by the vajra song and dance endowed with the three syllables, one should make offerings to the Buddhas and others. One should offer oneself as an ocean of clouds of offerings.