༄༅། ། ཐུགས་རྗེ་ཆེན་པོ་རྣམ་པར་སྐྱོབ་ལ་ཕྱག་འཚལ་ལོ། ། དེ་ནས། དཀྱིལ་འཁོར་བཟང་པོ་དགོས་པ་པོ། ། ཞེས་འབྱུང་བའི་སྒྲུབ་ཐབས་བཤད་པར་བྱའོ། ། དཀྱིལ་འཁོར་བཟང་པོ་ས་ཉིད་དང་། ། རིན་ཆེན་རང་བཞིན་ངོས་མཉམ་ལ། ། དྲི་ཞིམ་པ་ཡི་བྱུག་པས་བྱུགས། ། མུ་ཏིག་མེ་ཏོག་ནོར་བུ་དགོད། ། དབུས་སུ་འདབ་བརྒྱད་འདབ་བཞི་ཡི། ། མེ་ཏོག་དམར་པོ་ས་བོན་ཅན། ། གཞག་ལ་དེ་སྟེང་ཐུབ་པ་བཞུགས། ། གདུགས་དཀར་གྱིས་ནི་སྟེང་ནས་དབུབ། ། སྒྲུབ་པོ་པདྨའི་ཕྲེང་བ་ཡི། ། ང་རྒྱལ་འཛིན་པས་རྡོ་རྗེ་ལག། གཉིས་གཤིབས་གྱེན་དུ་བསྐྱོད་པའི་རྒྱས། ། ས་གསུམ་གཙོ་བོ་སྤར་བར་བྱ། ། རབ་ཏུ་དབྱིབས་ལེགས་ཁ་དོག་མཛེས། ། དྲི་བསུང་རོ་མཆོག་རེག་བཟང་བའི། ། མེ་ཏོག་སྤུངས་པས་གོ་རིམ་བཞིན། ། གླིང་སོགས་བཀོད་པ་ཇི་བཞིན་བརྟག། ཨོཾ་ཨཱཿབཛྲ་ཙ་ཏུར་དཱི་པ་ཧཱུཾ། ཨོཾ་ཨཱཿབཛྲཽ་པ་ཡཥྚ་དཱི་པ་ཧཱུཾ། ཨོཾ་ཨཱཿབཛྲཱཥྚ་རཏྣ་ཧཱུཾ། ཨོཾ་ཨཱཿབཛྲཱཥྚ་མཾ་གཱ་ལ་ཧཱུཾ། ཨོཾ་ཨཱཿབཛྲ་སིདྡྷཾ་བི་ཤ་ཏི་ཧཱུཾ། ཨོཾ་ཨཱཿསཱུརྱ་ཙནྡྲ་ཧཱུཾ། རྣམ་དག་ཞིང་དུ་ཕུན་ཚོགས་གླིང་དང་རིན་ཆེན་དང་། ། བཀྲ་ཤིས་གྲུབ་པ་རིམ་གསུམ་ཕྲེང་བ་ལེགས་བཀོད་ལ། ། གསལ་བྱེད་སྒྲོན་མ་འབར་བ་གཉིས་ཀྱིས་བརྒྱན་གྱུར་པ། ། སྔགས་འཆང་རྡོ་རྗེ་རོལ་པའི་གར་གྱིས་བསྟབས་པས་དབུལ། ། དེ་ནས་ལུས་ཅན་ཐམས་ཅད་ལ། ། འཇིག་རྟེན་མགོན་པོ་ཉེར་འཁོར་གཟུགས། ། དཔག་མེད་རྣམ་པར་འཕྲུལ་པ་ཡིས། ། ཞིང་རྣམས་ཀུན་ཏུ་ཡོག་དོན་སྤྱོད། ། ཇི་སྲིད་སྙིང་པོ་བྱང་ཆུབ་པར། ། དེ་དག་ནམ་ཡང་འདྲེན་པའི་མཐུས། ། ངན་འགྲོའི་སྒྲ་ཡང་མི་གྲག་ཅིང་། །
Homage to the Great Compassionate One, the Savior. Now, the sādhana that arises from the statement, "One who requires an excellent maṇḍala," shall be explained. On a level ground that is an excellent maṇḍala, of the nature of jewels, anointed with fragrant unguents, and strewn with pearls, flowers, and gems, one should place in the center a red flower with a seed-syllable upon an eight-petaled and four-petaled [lotus]. Upon that, the Sage should be seated, with a white parasol spread over him from above. The practitioner, maintaining the pride of the Lotus Garland, should raise the two vajras joined together upward with the mudrā and summon the Lord of the Three Worlds. With heaps of flowers that are perfectly shaped, beautiful in color, fragrant, of supreme taste, and pleasant to the touch, one should arrange them in order, just like the layout of the continents and so forth. OṂ ĀḤ VAJRA CATURDĪPA HŪṂ OṂ ĀḤ VAJRAUṢADHAṢṬADĪPA HŪṂ OṂ ĀḤ VAJRĀṢṬARATNA HŪṂ OṂ ĀḤ VAJRĀṢṬAMĀṄGALA HŪṂ OṂ ĀḤ VAJRA SIDDHAṂ VIṂŚATI HŪṂ OṂ ĀḤ SŪRYACANDRA HŪṂ In the pure realm, the excellent continents, jewels, and auspicious accomplishments are well-arranged in three tiers; adorned with two blazing lamps that illuminate, they are offered by the mantra-holder through the dance of the vajra-play. Then, for the sake of all embodied beings, the Protector of the World manifests in immeasurable emanations, acting for the benefit of all realms. Until the essence of enlightenment is reached, by the power of those guides, even the sound of the lower realms shall never be heard.