༄༅༅། ། རྒྱ་གར་སྐད་དུ། ན་བ་ཀུཾ་ཀུ་མ་སྟ་བ། བོད་སྐད་དུ། གུར་ཀུམ་གཞོན་ནུ་ལྟ་བུའི་བསྟོད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། གུར་གུམ་གཞོན་ནུའི་གེ་སར་མདངས་འདྲའི་སྐུ། ། ལྷག་པར་ཆགས་ཤིང་མོས་པ་འཛིན་འདི་ནི། ། འགྲོ་བ་རྗེས་སུ་ཆགས་པས་འདུལ་གཟིགས་ནས། ། ཐུགས་རྗེ་ཉིད་ཀྱིས་གཞན་གྱི་དབང་དུ་བཟུང་། ། ཆར་སྤྲིན་གཞོན་དང་ཟླ་བ་ལྟ་བུའི་ཞལ། ། གཉིས་ཀྱི་བར་ན་གནས་པ་རབ་མཛེས་པ། ། འཆར་ཁའི་ཉི་མའི་ཟེར་གྱིས་ཕོག་པ་ཡི། ། གསེར་གྱི་པདྨ་ལྟ་བུ་རོལ་པའི་ཞལ། ། ཐུབ་པ་ཡན་ལག་དྲི་མེད་རིན་ཆེན་བརྒྱས། ། བརྒྱན་ཅིང་ཡིད་འོད་འོད་ཟེར་རབ་འཕྲོ་བ། ། ཆར་སྤྲིན་གཞོན་ནུ་གློག་གིས་བསྐོར་འདྲས་ནི། ། སྤྲས་པ་ཁྱོད་ཀྱི་ཅོད་པན་སྟེང་ན་འཛིན། ། འཆར་ཁའི་ཟེར་གྱིས་པདྨ་དམར་ཕོག་པའི། ། མདངས་འདྲ་དགེ་བའི་མཚན་དང་རྒྱན་གྱི་གཞི། ། ཁྱོད་ཀྱི་ཕྱག་ན་རལ་གྲི་མདའ་དག་དང་། ། ཨུཏྤལ་སྔོན་པོ་དང་ནི་གཞུ་དག་འཛིན། ། ཁྱོད་ཀྱི་འོད་ཀྱི་ཕུང་པོས་ཕྱོགས་མཚམས་སུ། ། ཐུབ་རྣམས་རབ་སྐྱེད་ཡོན་ཏན་རབ་རྒྱས་བྱས། ། ཡང་ཡང་རབ་འཕྲོས་ཡང་ཡང་རབ་བསྡུས་པས། ། གདུལ་བྱའི་བློ་ཡི་མ་རིག་མུན་པ་འཇོམས། ། བཅོམ་ལྡན་སྲིད་པའི་འཇིགས་པ་སེལ་མཛད་ལ། ། ཚད་མེད་མཆི་མས་མིག་བརླན་བཀང་བྱས་ནས། ། ཐལ་སྦྱར་སྤྱི་བཏུད་བ་སྤུ་ལངས་པ་ཡིས། ། ཐུགས་རྗེ་ཅན་ལ་མོས་པས་གུས་ཕྱག་འཚལ། ། སྲིད་པའི་སྡུག་བསྔལ་གྱིས་བསྡམས་འགྲོ་གསུམ་པོ། ། ཐུགས་རྗེ་ཆེན་པོས་འགྲེལ་བར་མཛད་པ་ལ། ། ལུས་དང་བཅས་པས་ཕྱག་འཚལ་ངག་དང་ཡང་། ། ཕྱག་འཚལ་ཡིད་ཀྱིས་གུས་པས་ཕྱག་འཚལ་ལོ། །
In the language of India: Navakuṅkumastava. In the language of Tibet: Gur-kum gzhon-nu lta-bu’i bstod-pa (The Praise Like Fresh Saffron). Homage to Mañjuśrī Kumārabhūta! Your body has the luster of the filaments of fresh saffron; To those who hold a special attachment and devotion, You appear, seeing that beings are to be tamed through affection; Out of compassion itself, you are held under the power of others. Your face is like a fresh rain cloud or the moon, Beautifully situated between the two. Your playful face is like a golden lotus Struck by the rays of the rising sun. The Sage is adorned with a hundred stainless jewels And emits a brilliant, captivating radiance. Adorned like a fresh rain cloud encircled by lightning, You wear a crown upon your head. Like the luster of a red lotus struck by the rays of dawn, It is the basis for your auspicious marks and ornaments. In your hands you hold a sword and arrows, As well as a blue utpala lotus and a bow. With the mass of your light, in every direction, You cause the qualities of the Sages to flourish. By repeatedly radiating and repeatedly withdrawing, You destroy the darkness of ignorance in the minds of those to be trained. To the Blessed One who dispels the fears of existence, With eyes moistened and filled with immeasurable tears, With palms joined and head bowed, and with hair standing on end, I pay respectful homage with devotion to the Compassionate One. To the one who, through great compassion, Liberates the three realms of beings bound by the suffering of existence, I prostrate with my body, and with my speech, I prostrate with my mind, paying homage with devotion.