༄༅༅། ། རྒྱ་གར་སྐད་དུ། མཉྫུ་ཤྲཱི་ཙ་ལ་ཙ་ཀྲ། བོད་སྐད་དུ། འཇམ་དཔལ་གཡོ་བའི་འཁོར་ལོ། འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། སྔོན་དུ་འགྲོ་བ་བསོད་ནམས་ཀྱི་ཚོགས་ལ། མདུན་གྱི་ནམ་མཁའ་ལ་རང་གི་བླ་མ་དང་འཇམ་དབྱངས་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དཔག་ཏུ་མེད་པ་བཞུགས་པར་བསམས་ལ་ཡན་ལག་བདུན་པ་རྒྱས་པར་བྱ། དེ་ནས་ཚད་མེད་པ་བཞི་བསྒོམ་དངོས་པོ་ཐམས་ཅད་རྨི་ལམ་ལྟ་བུའི་བློ་ཉེ་བར་གཞག། རང་གི་ལུས་དབུལ། དེ་ནས་དྲི་བཟང་གི་ཆུས་ཆག་ཆག་བཏབ་ལ་སྟན་བདེ་བའི་སྟེང་དུ་ཏིང་ངེ་འཛིན་སྐྱེ་བ་དང་མཐུན་པའི་ལུས་ཀྱི་རྣལ་འབྱོར་དང་ལྡན་པས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་སྟེ། བྱིན་གྱིས་རློབ་པའི་སྔགས། སྭ་བྷཱ་བ་ལ་སོགས་ཀྱང་བརྗོད་དོ། ། དེ་ལས་སྐྱོ་བར་གྱུར་ན་གང་དུ་ཡང་མ་གྲུབ་པའི་ངང་ལས་རང་གི་སྔར་གྱི་གདན་གང་ན་ཡོད་པའི་སར་ཨ་དཀར་པོ་ཡོངས་སུ་གྱུར་པ་ལས་ཟླ་བའི་དཀྱིལ་འཁོར་དེའི་སྟེང་དུ་ཡི་གེ་དྷཱིཿའོད་ཀྱི་ཕུང་པོ་རབ་ཏུ་འབར་བར་བསམས་ལ་དེ་ལས་འོད་ཟེར་འཕྲོས་པས་ཕྱི་རོལ་གྱི་སྣོད་དང་། ནང་བཅུད་(གྱི་‚ཀྱི་)དངོས་པོ་གང་ལ་ཕོག་པ་རྣམས་འཕགས་པར་གྱུར། དེ་རྣམས་འོད་ཟེར་གྱིས་དྷཱིཿལ་བསྡུ། དེ་ཡོངས་སུ་གྱུར་པ་ལས་འཕགས་པ་སྐུ་མདོག་དཀར་པོ། ཞབས་རྡོ་རྗེའི་སྐྱིལ་ཀྲུང་དུ་བཞུགས་པ། ཕྱག་གཡས་ན་རལ་གྲི། གཡོན་གྱིས་ཐུགས་ཀར་པུ་སྟི་བཟུང་བ། ཞལ་ཅུང་ཟད་འཛུམ་པ་པདྨ་ཁ་བྱ་བ་ལྟ་བུའི་སྤྱན་དཀྱུས་རིང་བ། དབུ་ལ་གཙུག་ཕུད་ལྔ་འཕྱང་བ། རིན་པོ་ཆེའི་རྒྱན་མང་པོས་མཛེས་པ།
In the language of India: Mañjuśrī-calacakra. In the language of Tibet: ’Jam dpal g-yo ba’i ’khor lo (The Moving Wheel of Mañjuśrī). Homage to Mañjughoṣa! Regarding the preliminary accumulation of merit: Visualize in the space before you your own guru, Mañjughoṣa, and an immeasurable assembly of buddhas and bodhisattvas. Perform the seven-branch prayer in detail. Then, meditate on the four immeasurables and maintain the mental state that all phenomena are like a dream. Offer your own body. Next, sprinkle the ground with fragrant water and sit upon a comfortable cushion. Possessing the physical yoga conducive to the arising of meditative concentration, meditate on all phenomena as emptiness and recite the blessing mantra, svabhāva and so forth. When you become weary of that, from the state of non-establishment, at the place where your previous seat was, visualize a white letter A that completely transforms into a moon maṇḍala. Upon that, visualize the syllable Dhīḥ, a mass of light blazing intensely. Light rays radiate from it, and whatever external environments or internal sentient beings they strike are transformed into the Noble One. These are then absorbed back into the Dhīḥ by the light rays. From the complete transformation of that, the Noble One appears, white in color, seated in the vajra posture. His right hand holds a sword, and his left holds a volume of scripture at his heart. His face is slightly smiling, with long, almond-shaped eyes like a blooming lotus. Five topknots hang from his head, and he is beautified by many precious ornaments.