༄༅༅། ། རྒྱ་གར་སྐད་དུ། མཉྫུ་ཤྲཱི་བྷཊྚ་རཱ་ཀ་སཱ་དྷ་ནཾ་པྲཛྙཱ་ཙཀྲ། བོད་སྐད་དུ། རྗེ་བཙུན་འཇམ་དཔལ་ཤེས་རབ་འཁོར་ལོའི་སྒྲུབ་ཐབས། འཕགས་པ་འཇམ་པའི་དབྱངས་ལ་ཕྱག་འཚལ་ལོ། ། གང་མཐུས་སྙིང་གི་མ་རིག་མུན་སེལ་ཤེས་རབ་སྣང་བ་ཀུན་བསྐྱེད་མཛད། ། སྣ་ཚོགས་བསྟན་བཅོས་རིག་པ་དང་ནི་གསང་སྔགས་ཕན་པ་རྣམས་སྦྱིན་པ། ། འདོད་དགུའི་གཏེར་གཅིག་གཞོན་ནུ་ཡིད་འོང་ཟུར་ཕུད་ལྔ་དང་ལྡན་པ་གང་། ། འཇམ་དབྱངས་མགོན་ལ་གུས་པས་བཏུད་དེ་དེ་བསྟེན་མན་ངག་བྲི་བར་བྱ། ། སྔགས་པས་རྗེས་སུ་མཐུན་པའི་གནས། ། བྱི་དོར་བྱུག་པ་བཟང་བྱས་ལ། ། ཁྱད་པར་སྐྱབས་རྟེན་སེམས་བསྐྱེད་ནས། ། གཞོན་ནུ་ཤེས་རབ་འཁོར་ལོ་བསྒོམ། ། སྙིང་དབུས་བུ་གར་རི་བོང་འཛིན། ། ཡེ་ཤེས་ས་བོན་དྷཱིཿཡིག་འོད། ། སྐར་མདོག་རྣམ་པར་གསལ་བར་བལྟ། ། དེ་ལས་ཚོགས་རྟེན་དཀྱིལ་འཁོར་དགུག། དངོས་དང་ཡིད་ལས་བྱུང་དང་གཞན། ། ཡང་དག་ཡེ་ཤེས་མཆོད་པས་མཆོད། ། ཕྱག་འཚལ་བ་དང་སྡིག་སེལ་དང་། ། བསོད་ནམས་ཕུང་པོ་གཞན་ཡང་ངོ་། ། བྱམས་དང་སྙིང་རྗེ་དགའ་བ་དང་། ། བཏང་སྙོམས་ཚངས་པའི་གནས་བཞི་ཡིས། ། སྐྱེ་བོ་མ་ལུས་རྗེས་ཆགས་ཤིང་། ། ཆགས་བྲལ་སྡོམ་པ་གཟུང་བར་བྱ། ། དེ་རྗེས་གསང་སྔགས་གཉིས་བརྗོད་པས། ། ཡུལ་དང་ཡུལ་ཅན་དག་བྱའི་ཕྱིར། ། སྤྲིན་མེད་ནམ་མཁའི་དཀྱིལ་ལྟ་བུར། ། མཁས་པས་སྟོང་ཉིད་བསྒོམ་པར་བྱ། ། ཨོཾ་སྭ་བྷཱ་བ་ཤུདྡྷཿསརྦ་དྷརྨྨཱཿསྭ་བྷཱ་བ་ཤུདྡྷོ྅ཧཾ། ཨོཾ་ཤཱུ་ནྱ་ཏཱཛྙཱ་ན་བཛྲ་སྭ་བྷཱ་བ་ཨཱཏྨ་ཀོ྅ཧཾ། བ་ཡིག་ཨ་དང་དྷཱིཿཡིག་ལས་གྲུབ་ཆུ་སྐྱེས་དང་། ། ཟླ་རྒྱས་གདན་ལ་ཤེས་རབ་རལ་གྲི་ས་བོན་མཚན། །
In the language of India: Mañjuśrībhaṭṭārakasādhanaprajñācakra. In the language of Tibet: rJe btsun ’jam dpal shes rab ’khor lo’i sgrub thabs (The Sādhana of the Noble Mañjuśrī, the Wheel of Insight). Homage to the Noble Mañjughoṣa! To him by whose power the darkness of ignorance in the heart is dispelled and the light of insight is generated in its entirety; to him who bestows the various treatises, knowledge, and the benefits of secret mantra; to that single treasure of all desires, the charming youth endowed with five topknots—to the Protector Mañjughoṣa, I bow with devotion and shall write the pith instructions for relying upon him. The mantrin, in a suitable location, having thoroughly cleansed and anointed the ground, and having especially taken refuge and generated the awakening mind, should meditate on the Youthful Wheel of Insight. In the center of the heart, within the aperture, is the moon; there, one should clearly visualize the light of the wisdom seed-syllable DHĪḤ, brilliant like a star. From that, one summons the maṇḍala of the field of merit. One should worship with actual, mentally emanated, and other offerings of authentic wisdom. One should perform prostrations, the purification of misdeeds, and the accumulation of the mass of merit. Through the four divine abodes of love, compassion, joy, and equanimity, one should inspire all beings without exception and take up the vows of detachment. Following that, by reciting the two secret mantras, in order to purify the object and the subject, the wise should meditate on emptiness, like the center of a cloudless sky. OṂ SVABHĀVA ŚUDDHAḤ SARVA DHARMĀḤ SVABHĀVA ŚUDDHO ’HAṂ. OṂ ŚŪNYATĀJÑĀNA VAJRA SVABHĀVA ĀTMAKO ’HAṂ. From the syllables VA, A, and DHĪḤ, a lotus and a full moon seat are formed, upon which is the sword of insight marked with the seed-syllable.