#༄༅༅། ། རྒྱ་གར་སྐད་དུ། སིད་དྷཻ་ཀ་བཱི་ར་མཉྫུ་གྷོ་ཥ་སཱ་དྷ་ནཾ#། བོད་སྐད་དུ། འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པའི་སྒྲུབ་#ཐབས། འཇམ་པའི་དབྱངས་དཔའ་བོ་གཅིག་ཏུ་གྲུབ་པ་ལ་ཕྱག་འཚལ་ལོ། ། དེ་ལ་དང་པོར་#སྔགས་པས་གདོང་བཀྲུ་བ་ལ་སོགས་པ་བྱ་སྟེ་ཡིད་དང་མཐུན་པའི་བསམ་གཏན་གྱི་གནས་གཙང་ཞིང་། མེ་ཏོག་དྲི་ཞིམ་པོས་གཅལ་དུ་བཀྲམ་པར། སྟན་གཙང་ལ་བདེ་བར་སྐྱིལ་མོ་ཀྲུང་#གིས་འདུག་སྟེ། འབྱུང་པོ་ཐམས་ཅད་པའི་གཏོར་མའི་སྔགས་ཀྱིས་གཏོར་མ་བྱིན་གྱིས་བརླབས་ལ། ཨོཾ་ཨཱཿབིགྷྣཱནྟ་ཀྲྀཏ་#ཧཱུཾ་ཕཊ་ཅེས་བྱ་བའི་སྔགས་ལན་བཅུའི་བར་དུ་བརྗོད་དེ་ཕྱོགས་བཅུ་ན་གནས་པའི་བགེགས་ཐམས་ཅད་བསྐྲད་པར་བྱའོ། ། དེ་ནས་རང་གི་སྙིང་གར་ཨ་ཆོས་ཐམས་ཅད་ཆོས་ཀྱི་དབྱིངས་ཀྱི་རང་བཞིན་སྐྱེ་བ་མེད་པར་#སྟོན་པར་བྱེད་པ། སྟོན་ཀའི་ཟླ་བ་ལྟར་དཀར་བ། འོད་ཟེར་དཀར་པོ་འཕྲོས་པས་#རང་གི་ལུས་གསལ་བར་བྱེད་པ་ཤིན་ཏུ་ཕྲ་བ་བསམས་ལ། དེ་ཡོངས་སུ་གྱུར་པས་འོད་ཟེར་དཀར་པོའི་ཐིག་ལེ་ཤེལ་སྒོང་དག་པ་ལྟ་བུ། དེ་རིམ་གྱིས་འཕེལ་བར་གྱུར་པས་ཟླ་བའི་དཀྱིལ་འཁོར་གྱི་གཟུགས་སུ་བསམ་ཞིང་། དེའི་སྟེང་དུ་ཡི་གེ་དྷཱིཿ#དེའི་འོད་ཟེར་གྱི་ཚོགས་འཕྲོ་བ་རིན་པོ་ཆེའི་སྒྲོན་མ་ལྟར་དཀར་བ་རྣམ་པར་བསམ་མོ། ། དེ་ནས་ཡི་གེ་དྷཱིཿ#དེའི་འོད་ཟེར་ཤིན་ཏུ་དཀར་བའི་ཚོགས་ཀྱིས་#འཇིག་རྟེན་གྱི་ཁམས་ཐམས་ཅད་གསལ་བར་བྱས་པ་སྔོན་དུ་འགྲོ་བས་འཕགས་པ་འཇམ་དཔལ་ལ་སོགས་པ་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་དང་། བླ་མ་རྣམས་བསྐུལ་ཏེ་སྤྱན་དྲངས་ལ་མདུན་གྱི་ནམ་མཁའི་ཕྱོགས་ལ་རྣམ་པར་བསམས་ལ་ཕྱག་བྱའོ། །
In the language of India: Siddhaikavīramañjughoṣasādhana. In the language of Tibet: ’Jam pa’i dbyangs dpa’ bo gcig tu grub pa’i sgrub thabs (The Sadhana of Mañjughoṣa, the Sole Hero). Homage to Mañjughoṣa, the Sole Hero. First, the practitioner should perform the washing of the face and so forth. In a clean, secluded place for meditation that is agreeable to the mind, and strewn with fragrant flowers, one should sit comfortably on a clean seat in the cross-legged posture. Having consecrated the torma with the mantra for all spirits, one should recite the mantra oṃ āḥ vighnāntakṛt hūṃ phaṭ ten times to expel all obstructors residing in the ten directions. Then, one should visualize at one’s own heart the syllable a, which indicates that all phenomena are the nature of the dharmadhātu, unborn. It is white like the autumn moon, and by the radiation of white light rays, it makes one’s own body clear and extremely subtle. Through the total transformation of that, one should visualize a white drop of light like a pure crystal ball. As that gradually increases, one should visualize it in the form of a moon maṇḍala. Upon that, one should visualize the syllable dhīḥ, white like a precious lamp, radiating a mass of light rays. Then, preceded by the mass of extremely white light rays from that syllable dhīḥ illuminating all world systems, one should invoke and invite the noble Mañjuśrī and so forth—the Buddhas, Bodhisattvas, and Gurus—and visualize them in the space before one, and prostrate.