#༄༅༅། ། རྒྱ་གར་སྐད་དུ། མཉྫུ་ཤྲཱི་བཛྲ་པྲཛྙཱ་བརྡྷ་ན་ནཱ་#མ། བོད་སྐད་དུ། འཇམ་དཔལ་རྡོ་རྗེ་བློ་གྲོས་འཕེལ་བ་#ཞེས་བྱ་བ། བཅོམ་ལྡན་འདས་འཇམ་པའི་#མགོན་ལ་ཕྱག་འཚལ་ལོ། ། ཤེས་རབ་འཕེལ་བར་འདོད་པས་གནས་ཁང་དབེན་ཞིང་ཉམས་དགའ་བར་གཙང་བ་དྲི་ཞིམ་པོའི་ཆུས་ཆག་ཆག་བཏབ་ལ། མཎྜལ་ཁྲུ་གང་བ་ཅིག་#བྱས་ཏེ། དེའི་དབུས་སུ་པདྨ་འདབ་མ་བརྒྱད་པ་སེར་པོ་དབུས་དཀར་པོར་བྱས་ལ། དེའི་སྟེང་དུ་ལྷུང་བཟེད་དུ་ཤེས་རབ་འཕེལ་བར་བྱེད་པའི་རྫས། དབང་པོ་ལག་པ#། གླ་རྩི། གི་ཝང་། སྤང་རྒྱན་དཀར་པོ། ཙནྡན་དཀར་པོ་རྣམས་བ་དམར་པོའི་#འོ་མས་སྦྲུས་ཏེ། རིལ་བུ་སྲན་མ་ཙམ་བྱའོ། ། དེའི་སྟེང་དུ་འཇམ་དཔལ་དང་དབྱངས་ཅན་མ་གཉིས་ཞལ་སྦྱོར་གྱི་ཙ་ཀ་ལི་ཅིག་#བཞུགས་པར་བྱའོ། ། དེ་ནས་ཨོཾ་སྭ་བྷཱ་བ་བི་ཤུདྡྡྷཿ སརྦ་དྷརྨཱཿསྭ་བྷཱ་བ་བི་ཤུདྡྷོ྅ཧཾ་#གི་སྔགས་ཀྱིས་ཆོས་ཐམས་ཅད་སྟོང་པ་ཉིད་དུ་བསྒོམ་པར་བྱའོ། ། དེའི་ངང་ལས་པདྨ་དམར་པོ་འདབ་མ་བརྒྱད་པ་ཅིག་#བསམ། དེའི་སྟེང་དུ་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དྷཱིཿ#སེར་པོ་གུར་གུམ་གྱི་མདོག་ཅན་ཅིག་#བསམ། དེ་ཡོངས་སུ་གྱུར་པ་ལས་བདག་ཉིད་འཕགས་པ་འཇམ་དཔལ་སྐུ་མདོག་དམར་པོ་ཕྱག་གཡས་ན་ཤེས་རབ་ཀྱི་རལ་གྲི་གཡོན་ན་ཤེས་རབ་ཀྱི་པུ་སྟི་བསྣམས་པ། རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ཞལ་འཛུམ་བག་དང་ལྡན་པ་བསྒོམ་པར་བྱའོ། ། མདུན་གྱི་ལྷུང་བཟེད་ཀྱི་ནང་དུ་ཧྲཱིཿ#དཀར་པོ་ཡོངས་སུ་གྱུར་པ་ལས་པདྨ་དང་ཟླ་བའི་སྟེང་དུ། དབྱངས་ཅན་མ་#དཀར་མོ་གཡས་ན་རལ་གྲི་གཡོན་ན་པུ་སྟི་བསྣམས་པ།
In the language of India: Mañjuśrīvajraprajñāvardhana-nāma. In the language of Tibet: ’Jam dpal rdo rje blo gros ’phel ba (The Vajra Mañjuśrī Who Increases Intelligence). Homage to the Blessed One, the Protector Mañjuśrī. For those who desire to increase their insight, one should prepare a clean and pleasant dwelling place, sprinkling it with fragrant water. Having prepared a maṇḍala one cubit in size, one should fashion an eight-petaled yellow lotus in its center with a white hub. Upon that, in an alms bowl, one should place the substances that increase insight: indrayava (elephant grass), musk, bezoar, white bhr̥ṅgarāja, and white sandalwood, kneaded together with the milk of a red cow to form pills the size of peas. Above that, one should place a cākali (statue) of Mañjuśrī and Sarasvatī in union. Then, with the mantra oṃ svabhāva viśuddhāḥ sarvadharmāḥ svabhāva viśuddho ’haṃ, one should meditate on all phenomena as emptiness. From within that state, one should visualize an eight-petaled red lotus. Upon that, from the syllable ā, arises a moon maṇḍala, upon which is a yellow dhīḥ syllable, the color of saffron. From the total transformation of that, one should meditate on oneself as the noble Mañjuśrī, red in color, holding a sword of insight in the right hand and a volume of scripture in the left, adorned with various precious ornaments, and possessing a smiling countenance. Inside the alms bowl in front, from the total transformation of a white hrīḥ, one should visualize Sarasvatī, white in color, holding a sword in the right hand and a volume of scripture in the left, upon a lotus and moon.