༄༅༅། ། རྒྱ་གར་སྐད་དུ། ཨཱརྱ་མུ་ཁ་ཥ་ཊ་དྷཱ་ར་ཎི་བྱཱ་ཁྱ་ཏ། བོད་སྐད་དུ། # འཕགས་པ་སྒོ་དྲུག་པའི་གཟུངས་ཀྱི་རྣམ་པར་བཤད་པ། འཇམ་དཔལ་གཞོན་ནུར་གྱུར་པ་ལ་ཕྱག་འཚལ་ལོ། ། གཟུངས་འདི་ནི་དོན་དྲུག་ལ་#བརྩམས་ནས་གསུངས་པར་མངོན་ཏེ། ཤེས་རབ་ཡོངས་སུ་རྫོགས་པ་དང་། སྙིང་རྗེའི་སྟོབས་རྣམ་པར་དག་པ་དང་། རང་གི་རྒྱུད་རྣམ་པར་དག་པ་དང་། གཞན་གྱིས་བསྒྲུབས་པའི་གེགས་ཡོངས་སུ་ཤེས་པ་དང་། བྱང་ཆུབ་ཀྱི་ཚོགས་ཀུན་དུ་སྡུད་པ་དང་དེའི་འབྲས་བུ་ཡང་དག་པའི་ཡེ་ཤེས་དང་དེ་བཞིན་ཉིད་དོ། ། རྣམ་གྲངས་གཞན་ཡང་སྡུག་བསྔལ་བའི་དུས་དང་། བདེ་བའི་དུས་ན་སེམས་ཅན་གྱི་ཁམས་འཛིན་པ་དང་། བདག་དང་གཞན་ལས་ཚོགས་ཀྱི་#བར་ཆད་ཡོངས་སུ་སྤོང་བ་དང་། ཚོགས་ཀྱི་རྣམ་པ་ཐམས་ཅད་སོགས་པ་དང་། ཚོགས་བསགས་པ་ཡང་རང་གི་དོན་ཕུན་སུམ་ཚོགས་པ་དང་། གཞན་གྱི་དོན་ཕུན་སུམ་ཚོགས་པ་ལས་བརྩམས་ནས་བསྟན་ཏོ། ། རྣམ་གྲངས་གཞན་དུའང་རྟོགས་ཏེ། ཐམས་ཅད་མཁྱེན་པ་ཉིད་ལས་ལྡོག་པའི་རྒྱུ་ནི་དྲུག་སྟེ། སེམས་ཅན་ལ་མི་ཕྱོགས་ཤིང་འཁོར་བའི་སྡུག་བསྔལ་ལ་ཇི་#སྙམ་པ་མེད་པ་དང་། འཇིག་རྟེན་པའི་ཕུན་སུམ་ཚོགས་པ་དག་ལ་ཀུན་དུ་འཛིན་པའི་སེམས་ཉིད་དང་། ཉོན་མོངས་པ་དང་ལས་ཀྱི་སྒྲིབ་པ་སོགས་པ་དང་། མི་དགེ་བའི་གྲོགས་པོས་ཡོངས་སུ་བསྐྱོད་པའི་རྗེས་སུ་འཇུག་པ་དང་། ཚོགས་མ་བསགས་པ་ཉིད་དང་། སྲིད་པའི་ཕུན་སུམ་ཚོགས་པ་ལ་གཞོལ་བའི་སེམས་ཟང་ཟིང་དང་བཅས་པ་ཉིད་དེ། དེའི་གཉེན་པོར་གོ་རིམས་#བཞིན་དུ་སྒོ་དྲུག་པོ་དག་རིག་པར་བྱའོ། ། དང་པོ་དང་གཉིས་པས་#ནི་སྡུག་བསྔལ་བ་དང་བདེ་བའི་གནས་སྐབས་ན།
In the language of India: Ārya-mukha-ṣaṭka-dhāraṇī-vyākhyā. In the language of Tibet: ’Phags pa sgo drug pa’i gzungs kyi rnam par bshad pa (The Explanation of the Noble Dhāraṇī of the Six Gates). Homage to Mañjuśrī Kumārabhūta! It is evident that this dhāraṇī was taught based on six topics: the complete perfection of insight (prajñā), the pure power of compassion, the purification of one’s own continuum, the thorough knowledge of obstacles created by others, the gathering of all the accumulations for enlightenment, and its result, which is authentic wisdom (jñāna) and suchness (tathatā). Alternatively, it is taught by way of another enumeration: upholding the realm of sentient beings during times of suffering and times of happiness; completely abandoning obstacles to the accumulations for oneself and others; gathering all aspects of the accumulations; and the fact that the gathering of these accumulations is for the sake of the perfect fulfillment of one’s own welfare and the perfect fulfillment of the welfare of others. It may also be understood through another enumeration: there are six causes for turning away from omniscience (sarvajñatā). These are: being averse to sentient beings and having no concern for the sufferings of saṃsāra; a mind that grasps at worldly excellences; the accumulation of afflictions (kleśa) and karmic obscurations; following the influence of non-virtuous friends; the failure to gather the accumulations; and a mind possessed of worldly material things that is intent upon the excellences of existence (bhava). As their respective remedies, the six gates should be understood in their proper order. By the first and the second, during the states of suffering and happiness, [one is taught...]