༄༅༅། ། རྒྱ་གར་སྐད་དུ། སརྦ་དུརྒ་ཏི་པ་རི་ཤོ་དྷ་ནི་མཎྜ་ལ་བི་དྷི་ཀྲ་མ་ནཱ་མ། བོད་སྐད་དུ། ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་དཀྱིལ་འཁོར་གྱི་ཆོ་གའི་རིམ་པ་ཞེས་བྱ་བ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་དགྲ་བཅོམ་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ངན་སོང་ཐམས་ཅད་ཡོངས་སུ་སྦྱོང་བའི་རྒྱལ་པོ་ལ་ཕྱག་འཚལ་ལོ། ། སྔོན་དུ་བསྙེན་པ་བྱ་བ་དང་། དཀྱིལ་འཁོར་དག་གི་ཆོ་ག་དང་། ། དབང་ཐོབ་དངོས་གྲུབ་སྒྲུབ་པ་ནི། ། ངན་སོང་སྦྱོང་བའི་རྒྱུད་དག་ལས། ། སངས་རྒྱས་མཚན་ཐོབ་བདག་གིས་བཤད། ། ཐུན་མོང་ཁྱད་པར་གནས་ཉིད་དུ། ། གདན་བདེ་བ་ལ་བདག་གནས་ནས། ། ལག་པ་རྡོ་རྗེ་བྱིན་བརླབ་སྟེ། ། རྡོ་རྗེའི་ལྕེ་དང་བདག་མེད་སེམས། ། ཨོཾ་བཛྲ་ཧཱུཾ། ཨོཾ་བཛྲ་ཛི་ཧཱ། ཨོཾ་བཛྲ་ཙིཏྟ་ཨ། དེ་ནས་མེ་ལྟར་འབར་བ་བསྐྱེད། ། དེ་ལ་བྱིན་གྱིས་བརླབ་པ་དང་། ། སྤྱི་ནས་དབང་ནི་བསྐུར་བར་བྱ། ། ཆོ་ག་བསྒོ་བར་བྱ་བའོ། ། ཨོཾ་གྲིཧྣ་བཛྲ་ས་མ་ཡ་ཧཱུཾ་བཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ། ཨ་བྷི་ཥིཉྩ་མཱཾ། ཨོཾ་ཊུཾ། དེ་ནས་རྡོ་རྗེ་ཐོ་བ་དང་། ། ཁྲོ་བོ་རྡོ་རྗེ་མེ་དང་ནི། རྡོ་རྗེ་ལྕགས་སྒྲོག་ཕྱག་རྒྱ་སྔགས། ། གློ་བུར་བགེགས་ནི་བསལ་བར་བྱ། ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལཱརྐ་ཧཱུཾ། ཨོཾ་བཛྲ་ཛྭ་ལ་ཨ་ན་ལ་ཧ་ན་ད་ཧ་པ་ཙ་མ་ཐ་བྷཉྫ་ར་ཎ་ཧཱུཾ་ཕཊ། ཨོཾ་བཛྲ་ནེ་ཏྲི་བནྡྷ་སརྦ་བིགྷྣཱན། རང་བཞིན་སྒེག་ནི་ཁྲོ་བརྒྱད་ཅིང་། ། རྡོ་རྗེའི་ཅན་གྱི་འོག་ཏུ་བཅིངས། ། ཨོཾ་བཛྲ་དྲྀ་ཌྷོ་མེ་བྷ་བ་རཀྵ་སརྦཾ་སྭཱ་ཧཱ། རྡོ་རྗེ་འཇིགས་བྱེད་གནོད་སྦྱིན་གཉིས། ། སྟེང་དུ་རྡོ་རྗེའི་གུར་དུ་བྱས། །
In the language of India: Sarvadurgatipariśodhanimaṇḍalavidhikrama-nāma. In the language of Tibet: Ngan-song-thams-cad-yongs-su-sbyong-ba’i-dkyil-’khor-gyi-chog-gi-rim-pa-zhes-bya-ba (The Ritual Sequence of the Maṇḍala for Purifying All Lower Realms). Homage to the Blessed One, the Tathāgata, the Arhat, the Perfectly Complete Buddha, the King who Purifies All Lower Realms. First, the preliminary service, the ritual of the maṇḍalas, and the attainment of empowerment and siddhis—these I shall explain from the Sarvadurgatipariśodhana Tantra, having obtained the name of the Buddha. In a common or special location, having sat upon a comfortable seat, one should bless the hands as vajras. With the vajra tongue and the selfless mind: OṂ VAJRA HŪṂ; OṂ VAJRA JIHVĀ; OṂ VAJRA CITTA A. Then, generate the blazing fire. There, perform the blessing and confer the empowerment from the crown; this is the instruction of the ritual. OṂ GṚHṆA VAJRA SAMAYA HŪṂ BAṂ. OṂ VAJRA JVALĀNALARKA HŪṂ. ABHIṢIÑCA MĀṂ. OṂ ṬUṂ. Then, with the vajra hammer, the wrathful Vajra Fire, and the mudrā and mantra of the Vajra Iron Chain, one should clear away adventitious obstructors. OṂ VAJRA JVALĀNALARKA HŪṂ. OṂ VAJRA JVALĀNALA HANA DAHA PACA MATHA BHAÑJA RAṆA HŪṂ PHAṬ. OṂ VAJRA NETRI BANDHA SARVA VIGHNĀN. The eight wrathful ones, naturally graceful, bind from below those possessing vajras. OṂ VAJRA DṚḌHO ME BHAVA RAKṢA SARVAṂ SVĀHĀ. The two Vajra Terrifiers and Yakṣas form a vajra canopy above.