#༄༅༅། ། རྒྱ་གར་སྐད་དུ། དྭཱི་ད་ཤ་ཀཱ་ར་ནཱ་མ་ན་ཡ་#སྟོ་ཏྲཾ། བོད་སྐད་དུ། མཛད་པ་བཅུ་གཉིས་ཀྱི་ཚུལ་ལ་བསྟོད་པ#། སངས་རྒྱས་ཤཱཀྱ་ཐུབ་པ་ལ་ཕྱག་འཚལ་ལོ། ། གང་གིས་དང་པོར་བྱང་ཆུབ་ཐུགས་བསྐྱེད་ནས། ། བསོད་ནམས་ཡེ་ཤེས་ཚོགས་ གཉིས་རྫོགས་མཛད་ཅིང་། ། དུས་འདིར་མཛད་པ་རྒྱ་ཆེན་འགྲོ་བ་ཡི། ། མགོན་གྱུར་ཁྱོད་ལ་བདག་གིས་བསྟོད་པར་བགྱི། ། ལྷ་རྣམས་འདུལ་མཛད་འདུལ་བའི་དུས་མཁྱེན་ནས། ། ལྷ་ལས་བབས་ནས་གླང་ཆེན་ལྟར་གཤེགས་ཏེ། ། རིགས་ལ་གཟིགས་ནས་ལྷ་མོ་སྒྱུ་འཕྲུལ་གྱི། ། ལྷུམས་ སུ་ཞུགས་པར་མཛད་ལ་ཕྱག་འཚལ་ལོ། ། ཟླ་བ་བཅུ་རྫོགས་ཤཱཀྱའི་སྲས་པོ་ནི། ། བཀྲ་ཤིས་ལུམྦིའི་#ཚལ་དུ་བལྟམས་པའི་ཚེ། ། ཚངས་དང་བརྒྱ་བྱིན་གྱིས་བཏུད་མཚན་མཆོག་ནི། ། བྱང་ཆུབ་རིགས་སུ་ངེས་ལ་#ཕྱག་འཚལ་ལོ། ། གཞོན་ནུ་སྟོབས་ལྡན་མི་ཡི་.#སེང་གེ་དེས། ། ཨཾ་ག་#མ་ག་དྷཱར་#ནི་ སྒྱུ་རྩལ་བསྟན། ། སྐྱེ་བོ་དྲེགས་པ་ཅན་རྣམས་ཚར་བཅད་ནས། ། འགྲན་ཟླ་མེད་པར་མཛད་ལ་ཕྱག་འཚལ་ལོ། ། འཇིག་རྟེན་ཆོས་དང་མཐུན་པར་བྱ་བ་དང་། ། ཁ་ན་#མ་ཐོ་སྤང་ཕྱིར་བཙུན་མོ་ཡི། ། འཁོར་དང་ལྡན་མཛད་ཐབས་ལ་མཁས་པ་ཡིས། ། རྒྱལ་སྲིད་སྐྱོང་བར་མཛད་ལ་ཕྱག་འཚལ་ལོ། ། འཁོར་བའི་བྱ་བ་སྙིང་པོ་མེད་གཟིགས་ནས། ། ཁྱིམ་ནས་བྱུང་སྟེ་མཁའ་ལ་གཤེགས་ནས་ཀྱང་། ། མཆོད་རྟེན་རྣམ་དག་དྲུང་དུ་ཉིད་ལ་ཉིད། ། རབ་ཏུ་བྱུང་བར་མཛད་ལ་ཕྱག་འཚལ་ལོ། ། བརྩོན་པས་བྱང་ཆུབ་འགྲུབ་པར་དགོངས་ནས་ནི། ། ནཻ་རཉྫ་ནའི་འགྲམ་དུ་ལོ་དྲུག་ཏུ། ། དཀའ་བ་ སྤྱད་མཛད་བརྩོན་འགྲུས་མཐར་ཕྱིན་ནས། །
In the language of India: Dvādaśakāranāmastotra. In the language of Tibet: Mdzad pa bcu gnyis kyi tshul la bstod pa (Praise to the Manner of the Twelve Deeds). Homage to the Buddha Śākyamuni! To you who first generated the mind of awakening, Who perfected the two accumulations of merit and wisdom, And who now act as the protector of beings through vast deeds— To you I offer praise. Knowing the time to discipline the gods, You descended from the divine realm and proceeded like an elephant; Having observed the lineage, you entered the womb Of the goddess Māyādevī—to you I prostrate. When ten months were complete, the Son of the Śākyas Was born in the auspicious Lumbinī grove; Bowed to by Brahmā and Śakra, your supreme marks Revealed you as certain of the lineage of awakening—to you I prostrate. That powerful youth, the lion among men, Displayed his skills in Aṅga and Magadha; Having subdued the arrogant, You rendered yourself without rival—to you I prostrate. In accordance with worldly custom, And to avoid reproach, you took a retinue of queens; Through skillful means, you governed the kingdom— To you who protected the realm, I prostrate. Seeing that the activities of saṃsāra are essence-less, You departed from the home and traveled into the sky; Before the Viśuddhacaitya, you yourself Took ordination—to you I prostrate. Thinking that awakening is achieved through diligence, You practiced austerities for six years On the banks of the Nairañjanā River; Having brought your diligence to its culmination—