རྣམས་ཀྱང་བོད་མར་ཐལ་བ་བཟློག་ཏུ་མེད་དོ༎ དེ་ལྟ་ན་འང་། ཅིའི་ཕྱིར་བོ་སྐད་ཁོ་ན་ཀླང་དུ་སྤོས་ཤེ་ན། སྔ་འགྱུར་གྱི་རྒྱ་དཔེར་རྒྱ་གར་སྐད་དུ་ཞེས་ཡོད་པར་མངོན་ཏེ། འགྲེལ་པ་ཉི་སེང་མར་བཀྲལ་བའི་ཕྱིར་རོ༎ དེ་ལྟར་སྨོས་པ་ལ་དགོས་པ་ཅི་ཡངསྟེ། འགྲེལ་པ་ཉི་སེང་མ་ལས། རྒྱ་གར་ཞེས་པསྣོད་དང་བརྒྱད་རྣམ་པ་གཉིས་ཏེ། རྡོ་རྗེ་གདན་དྲུང་ལ་སོགས་པའོ༎ སྐད་ཅེས་པ་ནི་རིགས་བཞིའི་སྐད་ལ་སོགས་པ་ལས། འདིར་སེ་སྐྲྀ་ཏའི་སྐད་ལ་ཤེས་པར་བྱའོ༎ ཞེས་གསུངས་པ ལོ་ཙཱབས་ཀྱང་དེ་དང་བསྟན་ཏེ་བོད་སྐད་དུ་ཞེས་ཀླད་དུ་སྨོས་པར་མངོན་ནོ༎ སྔ་རབས་པ་རྣམས། ཚིག་ཉུང་བར་བྱ་བའི་ཕྱིར་རྒྱུ་སྐད་མ་སྨོས་ལ། དོན་མྱུར་དུ་ངོས་ཟིན་པར་བྱ་བའི་ཕྱིར་བོད་སྐད་དུ་ཞེས་བོད་སྐད་རྐྱང་བ་སྨོས་སོ་གསུང་བ་ནི་གསུངས་པ་ཙམ་དུ་ཟད་དོ༎ དོར་ན་རྒྱད་འདི་ནི་ཡོངས་སུ་གྲགས་པའི་རྒྱ་གར་གྱི་པཎ་ཆེན་རྣམས་ཀྱིས་མང་དུ་བཀྲལ་ཞིང་། གསང་འདུས་ཀྱི་འགྲེལ་པ་བི་ཤྭ་མི་ཛས་མཛད་པར་ཡང་རྒྱུད་འདིའི་ལུང་མང་དུ་དྲངས་པ་དང་། དུས་ཕྱིས་ཀྱང་རྒྱད་པེ་རྙེད་པ་ལས་ཐར་ལོ་དང་འགོས་སོགས་ལོ་ཙཱ་བཆེན་པོ་འགས་འགྱུར་མཛད་པའི་ཕྱིར་བོད་མར་འགྱུར་བའི་སྐྱོན་མེད་དོ༎ གཉིས་པ་མཚན་དེ་ལྡན་གྱི་རྒྱུད་དོན་ལ། སྟོན་པ་ལ་དབང་མི་ཟ་བའི་ཕྱིར་ཀླད་དོན་ཕྱག་དང་། པ་ཀཱའི་དོན་བདེ་བླག་ཏུ་རྟོགས་པར་བྱ་བའི་ཕྱིར་གཞུང་དོན་གཏན་ལ་དབབ་པའོ༎ དང་པོ་ལ། ངག་དོན། ཚིག་དོན། རྩོད་པ་སྤང་བའོ༎ དང་པོ་ནི། བྱེད་པའི་མུ་བཞི་དང་སྦྱར་ན། ཕྱག་གང་གིས་ན་སྐུད་པ་པོས། གང་ལན་རྒྱུད་ཀྱི་སྟོན་པ་ལ།
It is unavoidable that these [texts] would also be proven to be Tibetan compositions. Nevertheless, if one asks why the title is placed at the head in the Tibetan language alone: it appears that in the Indian manuscripts of the Early Translations (Nyingma), the phrase "In the language of India" (Sanskrit: bhāṣā) was present, as is explained in the Nyisengma commentary. What is the purpose of stating it thus? The Nyisengma commentary states: "Regarding 'India,' there are two types: the physical vessel [the land] and the [eight] fields [of knowledge], such as the Vajrāsana. Regarding 'language,' from among the languages of the four castes and so forth, here it should be understood as the Sanskrit language." It appears that the translators, in accordance with that, placed "In the Tibetan language" at the head. The claim of earlier scholars that the Indian language was not mentioned to keep the words concise, while "Tibetan language" was mentioned alone so that the meaning could be quickly identified, is merely a statement. In fact, this tantra was extensively commented upon by renowned Indian Paṇḍitas; many citations from this tantra appear in the Guhyasamāja commentary composed by Viśvamitra; and even in later times, when Indian manuscripts were found, great translators such as Thar Lo and 'Gos Lotsāwa produced translations of it. Therefore, there is no fault of it being a Tibetan composition. Second, regarding the meaning of the tantra possessing that title: there is the homage at the head to ensure the teacher is not disregarded, and the determination of the meaning of the text to facilitate the easy understanding of the tantra's subject matter. Regarding the first, there are the meaning of the speech, the meaning of the words, and the refutation of objections. First, if applied to the four possibilities of agency: by whom is the homage made? By the translator. To whom is it made? To the teacher of the tantra.