རྒྱ་གར་སྐད་དུ། ཨ་ཏི་བྷེད་ནིརྨ་ཎ་ཀུཉྫི་ཀཱ་ནཱ་མ། བོད་སྐད་དུ། ཡང་འབྱེད་འཕྲུལ་གྱི་ལྡེའུ་མིག་ཅེས་བྱ་བ། བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོ་ལ་ཕྱག་འཚལ་ལོ༎ དེ་ནས་གསང་བའི་བདག་པོ་དེ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་མཁའ་ཀློང་དགརྒྱ་ཡོངས་སུ་མ་ཆད་པ་ན། འབྱེད་པ་མེད་པའི་འཁོར་གྱིས་བསྐོར། བྱང་ཆུབ་སེམས་ཀྱི་དོན་རྣམ་པར་འགྲེལ་ཞིང་དུས་གསུམ་ཅི་བཞིན་པར་བཞུགས་སོ༎ དེ་ནས་སེམས་དཔའ་རྡོ་རྗེ་འཁོར་གྱི་ནང་ནས་ལངས་ཏེ། འདི་སྐད་ཅེས་གསོལ་ཏོ༎ ཀྱེ་ཀྱེ་གསང་བའི་བདག་པོ་ལགས༎ བདེ་བར་གཤེགས་པའི་སྙིང་པོ་འདིས༎ འགྲོ་བ་ཀུན་ལ་ཁྱབ་ཅེས་པ༎ འགྲོ་ཀུན་མ་གྲོལ་ཇི་ལྟར་ལགས༎ གསང་བའི་བདག་པོས་བསྟན་དུ་གསོལ༎ གསང་བའི་བདག་པོས་གསུངས་པ༎ ཀྱེ་སེམས དཔའ་ཆེན་མ་ཉན་ཅིག། བདེ་བར་གཤེགས་བྲང་སྟེང་པ་ཡིས༎ འགྲོ་བ་ཀུན་ལ་ཁྱབ་མོ་ཀྱང་༎ རང་རང་བག་ཆགས་སྒྲིབ་པས་བསྒྲིབས༎ སྐྱེས་བུའི་ལུས་དང་བྱད་འགྲོགས་འདྲ་མོད་ཀྱང་༎ རང་གི་བྱད་མ་མཐོང་བཞིན་དུ༎ སྙིང་པོ་རང་ལ་ཡོད་མོད་ཀྱང་༎ རང་གི་རྣམ་པར་རྟོག་པས་བསྒྲིབས༎ དེ་ཡི་ཁམས་གསུམ་འཁོར་བར་འཁོར༎ ཀྱེ་སེམས་དཔའ་ཆེན་པོ་ཉོན་ཅིག། ངེས་པའི་གསང་མཛོད་ཆེན་པོ་ན༎ མི་ཟད་རིན་ཆེན་གཏེར་ཡོད་ཀྱང་༎ མ་རིག་ཐ་ར་མ་སྔོན་པོ་དམ༎ དེ་འབྱེདམི་ཟད་རིན་ཆེན་གཏེར་ཆེན་ལེན༎ ཐོབ་མེད་འབྲས་བུ་རང་ལ་སྨིན༎ ཞེས་གསུངས་སོ༎ ཡང་འབྱེད་འཕྲུལ་གྱི་ལྕེ་མིག་ལས། གླེང་གཞི་དང་གླེང་སློང་བའི་ལེའུ་སྟེ་དང་པོའོ༎ ། དེ་ནས་སེམས་དཔའ་རྡོ་རྗེས་བཅོམ་ལྡན་འདས་ལ་འདི་སྐད་ཅེས་གསོལྟོ། ཀྱེ་ཀྱེ་གསང་བའི་བདག་པོ་ལགས༎
In the language of India: Atibhedanirmana-kuñcikā-nāma. In the language of Tibet: Yang 'byed 'phrul gyi lde'u mig ces bya ba. Homage to the Blessed One, the glorious Samantabhadra. Then, the Lord of Secrets, in the palace of the expanse of the dharmadhātu, the vast and unconfined space of the sky, surrounded by an assembly that is indivisible, remained as he was, explaining the meaning of the awakened mind (bodhicitta) just as it is throughout the three times. Then, the Bodhisattva Vajrasattva rose from within the assembly and addressed him in this way: "O, O Lord of Secrets! It is said that this tathāgatagarbha pervades all wandering beings. If so, why is it that all beings are not liberated? I pray, Lord of Secrets, explain this!" The Lord of Secrets replied: "O Great Bodhisattva, listen! Although the tathāgatagarbha pervades all wandering beings, it is obscured by the veils of their own respective habitual tendencies. It is like a person's body and face being together, yet the person does not see their own face. Although the essence (garbha) exists within oneself, it is obscured by one's own conceptual thoughts. Because of that, one wanders in the saṃsāra of the three realms. O Great Bodhisattva, listen! Within the great, definitive secret treasury, there is an inexhaustible treasure of jewels. Yet, because the blue seal of ignorance is tight, one does not open it. If one opens it, one takes the great, inexhaustible treasure of jewels. The fruit that is beyond attainment will then ripen within oneself." Thus he spoke. This is the first chapter, the Introduction and the Request for Instruction, from the Yang 'byed 'phrul gyi lde'u mig. Then, the Bodhisattva Vajrasattva addressed the Blessed One in this way: "O, O Lord of Secrets!"... (text continues)