རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། དབང་ཐམས་ཅད་ཀྱི་དེ་བཞིན་ཉིད་བསྟན་པའི་རྒྱུད། བདུད་རྩི་ཐལ་བྱོར་གྱི་ལུང་བསྟན་པའི་ལེའུ་༎ ཅུ་གཉིས་པའོ༎ རྫོགས་སོ༎ ། རྒྱ་གར་སྐད་དུ། དུ་པ་སརྦ་གྷ་ན་ལུ་ཀ་ནཱཿ། པོསྐད་དུ། ཐམས་ཅད་སྒྲོལ་བྱེད་ཚོགས་ཀྱི་ལུང་ཞེས་བྱ་བ། བཅོམ་ལྡན་འདས་རིགས་ལྔ་འཁོར་དང་བཅས་པ་ལ་ཕྱག་འཚལ་ལོ༎ དེ་ན། བཅོམ་ལྡན་འདས་པདྨ་དབང་གི་སྤྱན་སྔར་རིགས་ལྷའི་དེ་བཞིན་གཤེགས་པ་རྣམས་ཀྱིས། བཏུད་དེ་ཐལ་མོསྦྱར་ནས། རང་རང་གི་འཁོར་ལཕོས་ཏེ། ཚོགས་ཆེན་པོའི་མཆོད་པ་འདི་སྨྲས་སོ༎ ཀྱེ་སེམས་དཔའ་ཆེན་པོ་ཉོན། གང་དག། ཡི་རིགས་རྣམས་ཀུན༎ འཁོར་དང་ལོངས་སྤྱོད་ཉམས་པ་དང་༎ ལོངས་སྤྱོད་ཆུང་བར་གྱུར་པ་དང་། ཡི་ཚོགས་ལ་བརྟེན་འདོད་ན༎ བསོད་ནམས་སྐྱེ་བར་འདོད་པ་ཡིས༎ ཚོགས་ཀྱི་མཆོད་པ་བཤམ་པར་བྱ༎ གྱི་མཚམས་ལྕིབ་ཤགས་རྫོགས་བྱས་ལ༎ ཞི་བའི་དཀྱིལ་འཁོར་བཞེངས་སུ་གསོལ༎ རྫས་དང་ཡོ་བྱདཅི་འབྱོར་བཤམས༎ ཁ་ཟས་འབྱོར་བཤམས་སྣ་ཚོགས་པའོ༎ དཀྱིལ་འཁོར་དེ་ཡི་དབུས་དག་ཏུ༎ ཟངས་ཆེན་ནང་དུ་ཚོགས་ཀྱིས་བཀང་༎ ཀ་ར་འུ་རམ་ལ་སོགས་པའི༎ དཀར་དང་གཙང་མའི་གཏོར་མ་དང་༎ བཤོས་ཟན་བརྒྱ་དང་རྩ་བརྒྱདདང་༎ ཞི་བའི་ལྷ་ཚོགས་མཉེས་པ་ཡི༎ རྫས་ནི་སྣ་ཚོགས་གཞག་པར་བྱའོ༎ དེ་ལྟར་སྔོན་འགྲོ་རྫོགས་ནས་ནི༎ ཞི་བའི་ཕྲིན་ལས་རྫོགས་བྱ་ཞིང་༎ མཆོད་པ་སྣ་ཚོགས་དབུལ་བར་བྱ༎ བསྐྱབ་པའི་རྫས་དེ་ཐམས་ཅད་ལ༎ ཡི་གེ་འབྲུ་གསུམ་བྱིན་གྱིསབརླབས༎ བདག་ཉིད་ཏིང་འཛིན་ལྡན་བྱས་ལ༎ ཞག་གསུམ་ཚོགས་ཀྱི་འཁོར་ལོ་བསྐོར༎ དུས་བཞིར་ཚོགས་ཀྱི་རྒྱུན་མི་གཅད༎
From the Tantra of the Great Self-Arisen Perfection: The Tantra Teaching the Suchness of All Empowerments, the Chapter of the Prophecy of the Amṛta-Prakṣepa. This is the twelfth chapter. It is complete. In the language of India: Dupa Sarva Ghaṇa Lūka Nāḥ. In the language of Tibet: Thams cad sgrol byed tshogs kyi lung zhes bya ba (The Prophecy of the Feast that Liberates All). Homage to the Blessed One and the retinue of the five families of deities. Then, in the presence of the Blessed One Padma Wang, the Tathāgatas of the five families bowed, joined their palms, and, having addressed their respective retinues, spoke this offering of the great feast: "O Great Being, listen! Those of any of the families who find their retinues and enjoyments declining, or whose enjoyments have become meager, and who wish to rely upon the feast gathering, or who desire to generate merit, should arrange an offering of the feast. Having completed the preliminary boundaries and the confession, request the construction of a peaceful maṇḍala. Arrange whatever substances and requisites are available, including various foods and provisions. In the center of that maṇḍala, fill a large copper vessel with the feast substances. Place various pure and white offering cakes (torma) such as sugar and molasses, along with one hundred and eight sacrificial cakes (bshos zan) to please the assembly of peaceful deities. Having thus completed the preliminaries, perform the peaceful activities and present the various offerings. Bless all those protective substances with the three syllables. Having established oneself in meditative absorption, turn the wheel of the feast for three days. Do not interrupt the flow of the feast at the four times of day."