བྱའོ༎ ཞེས་རྫོགས་པ་རང་བྱུང་ཆེན་པོའི་རྒྱུད་ལས། ལམ་བསྟན་པའི་ལེའུ་སྟེ་དྲུག་པའོ༎ རྫོགས་སོ༎ ། རྒྱ་གར་སྐད་དུ། མ་ཧཱ་ས་མ་ཡཱ་ཏྲ་དུ་པུ་ཀ་ནཱ་མ། བོད་སྐད་དུ། ཚེ་འདས་ཀྱི་གདུང་སྲེག་པའི་ཆོ་ག་རོ་སྲེག་བྲལ་བའི་ལུངཞེས་བྱ་བ། བཅོམ་ལྡན་འདས་པདྨ་དབང་གི་སྐུ་ལ་ཕྱག་འཚལ་ལོ༎ དེ་ནས་པདྨ་དབང་གི་སྐུ་ལ། ཉེ་བའི་འཁོར་རྣམས་ཀྱིས་འདི་སྐད་ཅེས་གསོལ་ཏོ༎ ཀྱེ་ཀྱེ་བཅོམ་ལྡན་དབང་གི་སྐུ༎ སེམས་ཅན་བག་ཆགས་སྦྱང་བའི་ཕྱིར༎ རྣམ་རྟོག་སྤོང་བའི་ཐབསཆེན་གསུང་༎ ཞེས་ཞུས་སོ༎ དེ་ནས་བཀའ་སྩལ་པ། ཀྱེ་མ་རྡོ་རྗེ་འཛིན་པ་ཉོན༎ ངས་བསྟན་ལེགས་པར་ཡིད་ལ་ཟུང་༎ རྃ་སྲེག་མོག་བྱེད་པ་ན༎ རོ་ཡི་ཁང་པ་ལེགས་བྱས་ལ༎ རོ་ནི་སྤོས་ཆུ་འོ་མས་བཅུ༎ དེ་ནས་རོ་དེ་ཁང་པར་གཞུག། ཁུང་པ་དེཡི་མདུན་ཉིད་དུ༎ དཀྱིལ་འཁོར་འདོམ་གང་པ་གཅིག་བྱ༎ ཆག་ཆག་གདབ་ཅིང་ཐིག་སྐུད་བརླབ༎ ཆག་ཆག་གདབ་པའི་སྔགས་འདིའོ༎ ཨོཾ་ཤོ་དྷ་ཡ་བཛྲེ་ཨཱཿཧཱུཾ། ཐིག་སྲུད་བྱིན་བརླབ་སྔགས་འདིའོ༎ ཨོཾ་བཛྲ་ཀ་ས་ར་ཧཱུྃ་ཏྲཱཾ། ས་ཚོན་བྱིན་གྱིས་བརླབཔའི་སྔགས་འདིའོ༎ ཨོཾ་ཨཱཿཧཱུཾ་སྭཱ་ཧཱ། དེ་ནས་དཀྱིལ་འཁོར་དེ་ཉིད་ལ༎ ཐིག་གདབ་བྱིན་རླབས་རྫོགས་པ་དང་༎ ཚོན་ནི་རབ་ཏུ་དགྱེ་བར་བྱ༎ དབུས་ཀྱི་ཕོ་བྲང་ཟླུམ་པོ་བྱ༎ གྲུ་གསུམ་མཐིང་ནག་ཨེ་རུ་བྱ༎ ཟླ་གམ་རྣམ་གསུམ་དབང་ཆེན་དམར༎ ཟླུམ་པོ་མུ་ཁྲུད་པར་དག་ཏུ༎ ཡི་གེ་ཧཱུྃ་ཉིད་བྲི་བར་བྱ༎ ཟླུམ་པོ་དེ་ཡི་ཕྱི་རིམེ་དུ༎ པདྨའི་གྲོ་འབུར་འད་བ་བརྒྱད་བྱ༎ ཁ་དོག་དམར་པོ་དག་ཏུ་གསུངས༎ གློ་འབུར་བར་ནི་ལྗང་གུས་དགང་༎ དེ་ཡི་ཕྱི་རིམ་མུ་ཁྱུད་ཟུམ༎
Thus, from the Great Tantra of Self-Arisen Perfection, this is the sixth chapter, the Teaching on the Path. It is complete. In the language of India: Mahāsamayātra-dupuka-nāma. In the language of Tibet: Tshe 'das kyi gdung sreg pa'i cho ga ro sreg bral ba'i lung (The Ritual for Cremating the Remains of the Deceased: The Scripture on the Absence of Corporeal Burning). Homage to the body of the Blessed One, Padma Wang (Lotus Power). Then, the close retinue addressed the body of Padma Wang in this way: "O, O, Blessed One, body of power! For the sake of purifying the habitual tendencies of sentient beings, please teach the great method for abandoning conceptual thought." Thus they requested. Then he replied: "O, Vajradhara, listen! Retain well what I teach. When performing the cremation of the corpse, construct a proper chamber for the body. Wash the corpse with scented water and milk, and then place it within that chamber. Directly in front of that chamber, construct a maṇḍala one fathom in size. Sprinkle the ground with water and consecrate the marking cord. This is the mantra for sprinkling the water: OṂ ŚODHAYA VAJRE ĀḤ HŪṂ. This is the mantra for consecrating the marking cord: OṂ VAJRA KASARA HŪṂ TRĀṂ. This is the mantra for consecrating the colored powders: OṂ ĀḤ HŪṂ SVĀHĀ. Then, once the marking of the maṇḍala and the consecration are complete, the colors should be applied. Make the central palace circular. Make a dark blue triangle as the syllable E. The three crescents should be the red of Great Power. Within the circular perimeter, write the syllable HŪṂ. On the outer rim of that circle, make eight lotus petals. It is taught that their color should be red. Fill the spaces between the petals with green. The outermost circular perimeter should be complete."