རྒྱ་གར་སྐད་དུ། སནྟི་མ་ཧཱ་བུདྡྷ་སརྦ་ས་མཱ་དྷི། དྷརྨྨ་ཀཱ་ཡ་ཨེ་ཀ་ས་མུ་དཱ་ཡ་ཀ་ཐཱ་ས་མྱ་ཏཱརྠ་རཏྣ་གུ་ཎ་ས་མུ་ད་ཡ་ཏནྟྲ་ནཱ་མ། བོད་སྐད་དུ། རྫོགས་པ་ཆེན་པོ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ཆོས་སུ་གཅིག་ཏུ་འདུས་པར་བཀའ་བགྲོས་པའི་དོན། རིན་པོ་ཆེ་ཡོན་ཏན་ཀུནའབྱུང་གི་ཆུད་ཅེས་བྱ་བ། དཔལ་ཀུན་རིག་ཆོས་ཀྱི་སྐུ་དེ་ཁོ་ན་ཉིད་མ་ནོར་བར་རྟོགས་པའི་དོན་དང་ལྡན་པ་དེ་ལ་བརྗོད་མེད་ནན་ཏན་རིག་པའི་གྲོང་དུ་ཕྱག་འཚལ་ལོ། འདི་སྐད་བདག་གིས་གསུངས་པའི་དུས་གཅིག་ན༎ རང་བྱུང་རིག་པའི་སྟོན་པ་དེ༎ འོག་མེན་ཀློང་ག་གནསམཆོག་ན༎ ཉིད་ལས་མི་གཞན་རྟོགས་པའི་འཁོར༎ དོན་གཅིག་བསྟན་པས་མངོན་གྱུར་ཏོ༎ དེ་ཚེ་ཆོས་ཀྱི་སྙིང་པོ་དེ༎ བཞེངས་པ་མེད་པའི་ངང་ལས་བཞེངས༎ རང་རིག་ཡེ་ཤེས་འགྱུར་མེད་དོན༎ བརྗོད་མེད་སྙིང་པོས་བཀའ་སྩལ་པ༎ རང་བྱུང་བརྣམ་དག་འདི༎ འཛིན་པའི་ཡུལ་མེད་མཐའ་ལས་གྲོལ༎ བློ་ཡིས་མ་བཅོས་དོན་དང་ལྡན༎ རྟོག་མེད་མཉམ་ཉིད་ཆོས་ཉིད་དོན༎ དེ་སྐད་དོན་གྱི་བཀའ་སྩལ་པ༎ ཇི་བཞིན་སེམས་དཔས་དོན་རིག་ནས༎ རང་གི་ཡིད་ཀྱི་རྟོག་བསལ་ཕྱིར༎ ཏིང་འཛིན་དང་ལའདི་སྐད་གསོལ༎ དོན་ཆེན་སྦ་བའི་སེང་གེ་ཁྱོད༎ ཆོས་ཀྱི་སྒོ་མོ་བསམ་ཡས་ཀྱང་༎ བཙལ་མེད་ཐུག་མེད་བརྗོད་དུ་མེད༎ དེ་དོན་བདག་ལ་བཤད་པར་མཛོད༎ དེ་སྐད་ཞུས་པའི་དོན་གསན་ནས༎ མཉམ་པའི་དོན་ལས་རབ་བཞེངས་ནས༎ བརྗོད་མེད་དོན་དུབསྟན་པའི་ཕྱིར༎ དོན་གྱིས་བྱིན་རླབས་བཀའ་སྩལ་པ༎ བརྗོད་བྱ་ཚིག་དོན་དགོས་པ་ཡི༎ ཉིད་དགོས་འབྲེལ་བཅས་དོན་ལྡན་པ༎ རྒྱུད་རྣམས་ཀུན་ལ་ཚང་བ་གཅེས༎ དེ་ཕྱིར་ངེས་དོན་བཤད་པ་ཡིན༎
In the language of India: Santi-mahābuddha-sarva-samādhi-dharmakāya-eka-samudāyaka-kathā-samyaktārtha-ratna-guṇa-samudaya-tantra-nāma. In the language of Tibet: The Tantra Named the Source of All Precious Qualities, the Meaning of the Council of All Buddhas’ Intentions Gathered as One in the Dharma. Homage to the ineffable, persistent awareness-city, which possesses the meaning of unerringly realizing the suchness of the glorious, all-knowing dharmakāya. Thus have I spoken at one time: The Teacher of self-arisen awareness, in the supreme abode of the Akaniṣṭha expanse, was surrounded by an entourage of those realized as none other than himself. By teaching the single meaning, they became manifest. At that time, the essence of the Dharma arose from the state of non-arising. The meaning of unchanging self-knowing primordial wisdom was proclaimed by the ineffable essence: "This self-arisen, utterly pure state is free from the objects of grasping and liberated from extremes. It possesses the meaning uncontrived by the intellect; it is the meaning of the nature of phenomena, non-conceptual equality." When the meaning had been proclaimed in this way, the Bodhisattva, having realized the meaning just as it is, in order to clear away the conceptualizations of his own mind, addressed him with this samādhi: "O Lion who conceals the great meaning, although the gateways of the Dharma are inconceivable, they are unseekable, unattainable, and inexpressible. Please explain that meaning to me." Having heard the meaning of that request, he arose from the state of equality. In order to demonstrate the ineffable meaning, he spoke these words of the blessing of the ultimate meaning: "The subject matter, the words, the purpose, the ultimate purpose, and the connection—these five are essential for all tantras to be complete. Therefore, I shall explain the definitive meaning."